བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ལང་ཧྥུའུ་ཁོན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་གནང་བའི《2022ལོའི་ལོ་འཁོར་གྱི་གསར་འཕར་ཆེད་དོན་བུ་ལོན་ཁག་གཅིག་གི་བཅད་གྲངས་བགོ་བཤའི་ཇུས་གཞིའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན》གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་2022ལོའི་ལོ་འཁོར་གྱི་གསར་འཕར་ཆེད་དོན་བུ་ལོན་ཁག་གཅིག་གི་བཅད་གྲངས་བགོ་བཤའི་གྲོས་འགོར་ཞིབ་བཤེར་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཞིབ་བཤེར་བྱས་འབྲས་སྙན་སྒྲོན་ལ་མོས་མཐུན་བྱས་པ་རེད། ཚོགས་འདུའི་ཐོག་2022ལོའི་ལོ་འཁོར་གྱི་གསར་འཕར་ཆེད་དོན་བུ་ལོན་ཁག་གཅིག་གི་བཅད་གྲངས་བགོ་བཤའི་ཇུས་གཞིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།