དབུ་ཤོག>སྲིད་དོན།
  • ལིའུ་ཅང་གིས་རྒྱལ་ཡོངས་ཀྱི་ཁག་གཉིས་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”གི་མཚན་སྙན་ཐོབ་པའི་རང་ལྗོངས་ཀྱི་མངགས་གཏོང་ཁང་གི་སུའོ་ཀྲང་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-10

     ཟླ་12ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རྒྱལ་ཡོངས་ཀྱི་ཁག་གཉིས་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”གི་མཚན་སྙན་ཐོབ་པའི་རང་ལྗོངས་ཀྱི་མངགས་གཏོང་ཁང་གི་སུའོ་ཀྲང་དང་བཞུགས་མོལ་གནང་བ་རེད། ཁོང་གིས། མངགས་གཏོང་ཁང་གི་སུའོ་ཀྲང་ཚོར་རྒྱང་ལམ་གསར་པར་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་བཏང་ནས་སྤྱི་ཚགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཕྱོགས་ཡོངས་ནས་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཐིང་ཀྲང་ཀྲང་ཧུང་པོ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

    ལིའུ་ཅང་གིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་ཁག་གཉིས་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ཞེས་མིང་བཏགས་པའི་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་མངགས་གཏོང་ཁང་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ལྟེ་བའི་མངགས་གཏོང་ཁང་། བོད་ལྗོངས་རྒྱལ་མཚམས་འཛུལ་གྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་བཅས་ལ་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་མངགས་གཏོང་ཁང་གསུམ་པོས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།