དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2022ལོའི་སློབ་སྦྱོང་ཚོཌ་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-09

    ཟླ་12ཚེས་4དང་། ཚེས་5ཚེས་6བཅས་ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2022ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་བ་དང་། རྒྱུན་ལས་ཨུ་ལྷན་གྱི་བློ་མཐུན་རྣམ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ལ་དམིགས་ཏེ། ལས་ཀའི་ནང་ལྷག་པའི་གནད་དོན་དང་། མི་འདང་ས། དེ་བཞིན་ལས་དོན་ལེགས་བཅོས་ཀྱི་བསམ་ཕྱོགས་དང་ཁ་གཏད་འཇལ་ཐབས་སྐོར་གྱི་བསམ་འཆར་སྤེལ་རེས་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལས་ཀ་དང་སློབ་སྦྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ལས་ཀའི་ཁྲོད་སློབ་སྦྱོང་གཏིང་ཟབ་དང་སློབ་སྦྱོང་ཁྲོད་ལས་དོན་ལ་སྐུལ་འདེད་བཏང་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་ཕན་འབྲས་ནས་མངོན་པར་བྱེད་དགོས། གཙོ་གནད་ལས་དོན་དང་སྤྱིར་བཏང་གི་ལས་དོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ན། གཅིག་གྱུར་འཆར་འགོད་བྱེད་དགོས་ལ། གཙོ་གནད་ལས་དོན་ཚད་བརྒལ་གྱིས་སྤྱི་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་དང་ལས་ཀའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་འཛིན་ནས་མཐའ་ཚད་ཀྱི་བསམ་གཞིག་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་ལུགས་ཅན། རྒྱུན་གཏན་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་དེ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།