དབུ་ཤོག>སྲིད་དོན།
  • བློ་མཐུན་ཅང་ཙེ་མིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-12-02

                                                                        (ཨང་དང་པོ)

    ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཅང་ཙེ་མིན་ལ་བླ་ན་མེད་པའི་གུས་བཀུར་དང་མྱ་ངན་ཟབ་མོ་ཞུ་ལུགས་མཚོན་ཆེད། གཤམ་གསལ་གཏན་འབེབས་བྱས་དོན།

    (གཅིག) ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་བཏང་བའི་ཡི་གེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་འཚོགས་པའི་བར། པེ་ཅིང་གནམ་བདེ་སྒོ་མོ་ཆེ་དང་། ཤིན་ཧྭ་སྒོ་མོ་ཆེ། མི་དམངས་ཚོགས་ཁང་ཆེ་མོ། ཕྱི་འབྲེལ་པུའུ་དང་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་དོན་ཁང་། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་དོན་ཁང་། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་དོན་གཅོད་ཁང་བཅས་ཀྱིས་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན། དེའི་རིང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་དོན་ཁང་དང་། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་དོན་ཁང་། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་དོན་གཅོད་ཁང་བཅས་སུ་གདུང་ཁང་སྒྲིག་གཤོམ་བྱས་ནས་ཤང་ཀང་དང་ཨའོ་མོན་ས་ཁུལ་དང་བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་ཀྱི་མྱ་ངན་ཞུ་མཁན་ལ་སྣེ་ལེན་ཞུ་རྒྱུ་ཡིན།

    (གཉིས) རང་རྒྱལ་གྱི་རྒྱུན་སྲོལ་ལྟར། ཕྱི་རྒྱལ་གྱི་སྲིད་གཞུང་དང་། སྲིད་ཏང་། མཛའ་གྲོགས་མི་སྣ་བཅས་ཀྱིས་མངགས་པའི་སྐུ་ཚབ་ཚོགས་པའམ་འཐུས་མི་ཀྲུང་གོར་མྱ་ངན་ཞུ་བའི་བྱེད་སྒོར་གདན་ཞུ་བྱ་རྒྱུ་མིན།

    དེ་དོན་ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

                                                                                                                    བློ་མཐུན་ཅང་ཙེ་མིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་ནས།

                                                                                                                           2022ལོའི་ཟླ་11ཚེས་30ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།