དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-27

    ཟླ་11ཚེས་23ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས《ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དང་། སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ། “སྤྱོད་ཚུལ་བཞིའི”ལས་དོན་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུའི་སྐོར་གྱི་བསམ་འཆར》བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ནན་པོ་དང་ནན་པོ་མཐར་ཕྱིན་མཐའ་འཁྱོངས་བྱས་ནས་ཇི་ཙམ་གྱིས་རྗེས་སུ་སླེབས་ན་དེ་ཙམ་གྱིས་ནན་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་དང་། སྐོར་གཟིགས་ལྟ་ཞིབ། མངོན་བཤེར་ལྐོག་ཞིབ་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་སྔར་བཞིན་མཚམས་དང་ཚོད་མེད་པ་དང་ཡ་མེད་སྒྲིག་འགལ་རིགས་ལ་ཆད་པ་ནན་པོ་གཅོད་དགོས། “འགག་རྩའི་ཉུང་ཤས”ལ་དམ་འཛིན་དང་གོང་གིས་འོག་ལ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྤྱོད་ཚུལ་རང་རྟོགས་ངང་སྤང་བ་བཅས་བྱས་ཏེ་རང་གཅུན་ནན་པོ་དང་། རང་འགན་གཙང་སྒྲུབ། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱེད་དགོས། སྲོལ་གསར་སྤྱོད་བཟང་དར་སྤེལ་ཤུགས་ཆེན་བཏང་ནས་ཏང་གཤིས་དང་། ཏང་སྲོལ། ཏང་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་པ་དང་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་སྲོལ་དང་སྲིད་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཡོངས་སྲོལ་གསར་སྤྱོད་བཟང་ཡོང་རྒྱུར་རྒྱུན་ཆད་མེད་པར་སྣེ་ཁྲིད་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ནས“སྤྱོད་ཚུལ་བཞིའི”གནད་དོན་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དེ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་བ་བཅས་དང་སྔར་བས་འབྲེལ་མཐུད་དམ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།