དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-26

    ◆ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང“དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་གཏོང་བར་ཞིབ་འཇུག་བཀོད་སྒྲིག་སོགས་བྱས་ཏེ་མི་དམངས་མང་ཚོགས་ལ་བརྗིད་ཆེའི་ཁས་ལེན་ནན་པོ་བྱས་རིགས་ཁ་བཤད་ལག་བསྟར་མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས།

    ཚེས་24ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག་སོགས་བྱས་ཏེ་མི་དམངས་མང་ཚོགས་ལ་ཁས་ལེན་ནན་པོ་བྱས་རིགས་ཁ་བཤད་ལག་བསྟར་མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བདེ་འཇགས་ཐོན་སྐྱེད་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། ལྷག་པར་དུ་མིག་སྔར་ལྗོངས་ཡོངས་སུ“མཐའ་མའི་གདོང་མཆོང་ཟླ་གཉིས་དང་ཐག་གཅོད་དམག་འཐབ་ཉིན་60བྱེད་པའི”འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ལས་ཡུན་དང་མྱུར་ཚད་བརྩོན་ལེན་བྱེད་པའི་དབང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མ་ཐོན་ནན་འགོག་བྱས་ནས་ལས་རིགས་ཁྱབ་ཁོངས་དང་གཙོ་གནད་ཁུལ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་མུ་མཐུད་གྲལ་བཤེར་བྱས་ཏེ་གཏེར་རིའི་བདེ་འཇགས་དང་། སློབ་མའི་སློབ་འགོ་བསྐྱར་ཚུགས་ཀྱི་འགྲིམ་འགྲུལ་བདེ་འཇགས། དྲོད་རླངས་མཁོ་འདོན་གྱི་བདེ་འཇགས་སོགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་དང་དམངས་འཚོའི་བྱ་བ་དངོས་38ཡག་པོ་བསྒྲུབ་རྒྱུ་དེ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱས་པའི་ཁས་ལེན་ནན་པོ་ཞིག་རེད། མིག་སྔར་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད། གོམ་སྟབས་རྗེས་མར་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་འཇོག་གསོ་སྦྱོང་གི་ཁ་གསབ་དང་། ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ། ལས་འཚོལ་ལས་གཏོད་ཀྱི་ཁ་གསབ། རང་བརྟེན་ལས་གཏོད་ལ་རྒྱབ་སྐྱོར་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་ཆབས་ཅིག་ཐོག་མར་ལས་ཞུགས་ཐུབ་ཚད་དང་ལས་གནས་བརྟན་པོར་ལས་ཞུགས་ཐུབ་ཚད་མཐོ་རུ་གཏོང་དགོས་པ་དང་། སློབ་གྲྭའི་དྲོད་རླངས་མཁོ་འདོན་འདུ་འགོད་ལག་ལེན་མགྱོགས་པོ་བསྟར་ནས་སློབ་གྲྭའི་སློབ་ཁྲིད་སླར་གསོ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་པ།  འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བ་དང་གསལ་ཐོ་བཟོས་ནས་རིམ་པ་བཞིན་ཐག་གཅོད་བྱས་ཏེ་རང་སྐྱོང་ལྗོངས་སྨན་ཁང་དང་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པ། ཞིང་འབྲོག་ཁུལ་གྱི་རབས་གསར་པའི་ཐད་གཏོང་སྲུང་སྐར་གྱི་རླུང་འཕྲིན་བརྙན་འཕྲིན“དུད་ཚང་ཀུན་ཁྱབ”དང“ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི”བྱ་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། ལྷ་ས་གྲོང་ཁྱེར་གྱི་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་ཚོད་ལྟའི་ལས་དོན་དང་། ས་བབ་མཐོ་བའི་ཤང་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་འདུ་འགོད། ས་བབ་མཐོ་བའི་རྫོང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་འདུ་འགོད་བཅས་ལ་མུ་མཐུད་སྐུལ་འདེད་མགྱོགས་པོ་བཏང་སྟེ་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ནམ་དུས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ཐག་གཅོད་དང་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་ཚ་ཐབ་ཚོད་ལྟ་སོགས་གཙོ་གནད་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་འགན་ལེན་ཡག་པོ་བྱས་ནས་རོགས་སྐྱོར་སྲིད་ཇུས་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ་དང“ཆད་དངུལ་གཙང་འཇལ་གཉིས”ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་བྱ་བཟང་ཡག་པོ་སྒྲུབ་པ་དང་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དབང་སྐྱོན་སྔོན་འགོག་བྱ་སྤྱོད་འཆར་གཞི(2021ནས་2025ལོ་བར)དང་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་འགག་སྒྲོལ་ཇུས་གཞིར་རྩ་དོན་ཐོག་མོས་མཐུན་བྱུང་ཡོད།

    ཚོགས་འདུའི་ཐོག་སྐྱེ་ཁམས་ལས་གནས་ཀྱི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་འགྲོ་ཚུལ་སོགས་ལ་ཞིབ་འཇུག་བྱས་པ་དང་རྒྱུན་ལས་ཚོགས་འདུ་གོང་མའི་ཐོག་གྲོས་འཆམ་བྱུང་བའི་དོན་ཚན་དོན་འཁྱོལ་བྱས་ཚུལ་ཡང་བརྡ་ཁྱབ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།