དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་ཉིད་གནས་ཡུལ་ཏང་ཀྲི་པུའུ་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-23

    ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་ཉིད་གནས་ཡུལ་ཏང་ཀྲི་པུའུ་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་དང་ལས་འགན་བརྟན་སྲུང་བཅས་བྱས་ནས། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཝུའེ་ཏུང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་ལམ་གསར་པར་སྐྱོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། དེས་ན་ཏང་དང་རྒྱལ་ཁབ་ཀྱི་མིག་སྔའི་ལོ་རྒྱུས་ཀྱི་སྣོལ་མཚམས་གསར་པ་དང་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ནས་འགོ་འཛུགས་པ་དང་། ཚོགས་ཆེན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པར་ངོས་འཛིན་གང་ལེགས་བྱེད་པ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་བས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། སྔར་བས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་རླབས་པོ་ཆེའི་ཁྲོད། རང་ངོས་ཀྱི་གསར་བརྗེ་རླབས་པོ་ཆེར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་པའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་མའི་བསམ་འདུན་ལས་འགན་དང་དམངས་ཆེད་བྱ་བ་བསྒྲུབ་པའི་དམིགས་ཡུལ་ལ་གོ་བ་གཏིང་ཟབ་བླངས་ཏེ། འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཝུའེ་ཏུང་གིས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱ་རྒྱུ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལག་ལེན་གྱི་དགོས་མཁོ་ཞིག་རེད་ལ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ལྷག་བསམ་རྣམ་དག་ངང་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཀྱང་རེད། ཏང་གཤིས་སྦྱོང་བརྡར་བྱས་ཏེ་ཏང་གི་ངོ་བོ་དང་དམིགས་ཡུལ་དང་རྒྱབ་འགལ་དང་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། འཐབ་རྩོད་ཀྱི་ཐབས་ཇུས་ལ་སྣང་ཆེན་བྱས་ཏེ་གོང་ལ་དཔེ་བསྡུར་བྱེད་པ་དང་། ཕྱི་ཕྱོགས་ལ་མིག་དཔེ་ལྟ་བ། ལག་ལེན་དངོས་ལ་སློབ་སྦྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་། བརྟག་ཞིབ། དོན་འཁྱོལ་བཅས་རྒྱུན་གཏན་གྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། གནད་དོན་ཤེས་རྟོཌ་དང་། གནད་དོན་ཐག་གཅོད། ལས་ཀར་སྐུལ་འདེད་བཅས་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རང་འགན་གཙང་སྒྲུབ་ཀྱི་ཆེད་ལས་ཅན་གྱི་བྱང་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།