དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-20

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཁར་རྒྱུན་འཁྱོངས་ལྷོད་མེད་དང་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དམངས་འཚོའི་འདུ་འགོད་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་དང་དམངས་ལ་ཕན་འདོགས་པའི་སྐྱེ་ཁམས་ཀྱི་ཐོན་རྫས་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འཇམ་དཔལ་མཉམ་དུ་བརྟག་ཞིབ་ལ་ཕེབས་པ་རེད།

    ཡན་ཅིན་ཧའེ་སྔ་རྗེས་སུ་ཤན་ཁ་དང་རྔ་ཆེན་ཡུག་ཁུལ་དུ་ཕེབས་ནས་རྒྱལ་ཁབ་ས་ཆའི་འཆར་འགོད་དང་། ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭ། ལེ་ལག་ཚང་བའི་ལྕགས་དྲ་སྐོང་བ། ལེ་ལག་ཚང་བའི་ཆུ་བེད། གཞུང་ལམ་ལས་གྲྭ་དང་དེ་བཞིན་མི་སྣའི་ལས་ཀ་བསྐྱར་ཚུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཤན་ཁའི་ཡུག་ཁུལ་གྱི་རྣམ་གྲངས་ས་ཚིགས་སུ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། ཉེ་འཁོར་གྱི་ལས་མི་མང་ཚོགས། ཕྱི་ནས་གླ་པར་ཡོང་མཁན་བཅས་ཁྱོན་མི་150ཡོད་པ་མཁྱེན་སྐབས་ཡན་ཅིན་ཧའེ་ཡིས་རིམས་འགོག་གི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཉེ་འགྲམ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་ནས་མི་ཚང་མར་དལ་དལ་ལྷོད་ལྷོད་བྱས་ནས་སྡོད་རྒྱུ་མེད་པ་དང་། ལས་ཀ་བྱ་རྒྱུ་ཡོད་པ། ཡོང་འབབ་གསོག་རྒྱུ་ཡོད་པ་བཅས་བྱེད་དགོས་པ་དང་། གཏོགས་ཁོངས་ཀྱི་འགན་འཁྲི་ནན་དུ་བཏང་སྟེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དེ་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་ལས་དོན་དང་ཟུང་འབྲེལ་བྱས་ཐོག་ཁྲིམས་མཐུན་དང་སྒྲིག་སྲོལ་ལྟར་འཛུགས་སྐྲུན་བྱས་ནས་བྱ་ངན་རྒྱ་ཡན་དུ་མ་ཐོན་པ་བྱེད་དགོས་ཞེས་གསུངས་པ་དང་། རྔ་ཆེན་ཡུག་ཁུལ་རྣམ་གྲངས་ཀྱི་འགན་འཁུར་བས་རྣམ་གྲངས་དེའི་ཆུ་བེད་ལས་གྲྭའི་90%ཡན་ལེགས་གྲུབ་ཟིན་པ་དང་ལས་མཇུག་འགྲིལ་རྗེས་མུའུ་ཁྲི་1ལྷག་ཙམ་ཟིན་པའི་ནགས་བཟོ་བྱ་ཡུལ་དུ་ཆུ་འདྲེན་ཐུབ་ལུགས་ངོ་སྤྲོད་བྱེད་སྐབས། ཡན་ཅིན་ཧའེ་ཡིས་སྔོན་ཐོན་གྱི་ཆུ་གྲོན་ཆུང་གི་ལག་རྩལ་ལ་བརྟེན་ནས་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ཆུ་སྤྱོད་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་དང་། ཨར་ལས་ཀྱི་སྤུས་ཚད་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་བསྒྱུར་ནི་དེང་རབས་ལ་བདེ་སྐྱིད་སྦྱིན་པ་དང་མི་རབས་རྗེས་མར་ཕན་པ་སྐྲུན་པའི་བསྐལ་བརྒྱའི་བྱ་གཞག་ཆེན་པོ་ཞིག་ཡིན་པས།དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ལས་འགན་གཅིག་ཤུལ་གཅིག་འཛིན་དང་། མི་རབས་གཅིག་རྗེས་གཉིས་མཐུད་སྐྱོང་བ། ནུས་ཤུགས་ཡོད་རྒུ་འདོན་པ། སྙིང་རུས་གཏན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས“རི་རེར་ཡུལ་ལྗོངས་རེ་དང་། རི་ལྡེབས་རེར་མཛེས་ལྗོངས་རེ”ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། གྲོང་ཁྱེར་ནང“དཔྱིད་ཀར་མེ་ཏོག་བཞད་པ་དང་། དབྱར་ཁར་བསིལ་གྲིབ་སྣུམ་པ། སྟོན་ཁར་ཚོན་མདོག་བཀྲ་བ། དགུན་ཁར་སྔོ་ལྗང་ཡོད་པ”བཅས་བྱས་ནས་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།