དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-19

    ཚེས་17ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་2022ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཙོ་བོ་གཙོ་གནད་ཐོག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་དེ་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཕན་ཚུན་མཉམ་འདྲེས་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དང་སློབ་གསོར་དམ་འཛིན་བྱེད་པར་འཆར་གཞི་ཡོད་པ་དང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་ལ་དམ་འཛིན་བྱེད་པར་ཟུང་འབྲེལ་ལྡན་པ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཕན་འབྲས་ལྡན་པ་བཅས་བྱས་ཏེ། འཐབ་ཇུས་ཀྱི་བསམ་བློ་དང་། མཐོང་རྒྱ་ཆེ་བ། དངོས་དོན་གཉེར་བའི་རྣམ་འགྱུར་བཅས་ཀྱི་ཐོག་ནས་སང་ལོ་དང་ཐ་ན་སླད་ཕྱིན་ལོ་ལྔའི་རིང་གི་ལས་དོན་ཇུས་འགོད་ནན་ཏན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་དེ་བཞིན་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དེ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུར་ལག་བསྟར་དོན་འཁྱོལ་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་ཚད་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཕན་འབྲས་ནང་མངོན་པར་བྱས་ཏེ། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་ཁ་གསལ་ཡོང་བ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱ་ཆེད་བསམ་བློའི་འདེགས་སྐྱོར་དང་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།