དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོཌ་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-13

    ཟླ་11ཚེས་11ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུཌ་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་ལས་བྱེད་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པས་རྩ་འཛུགས་ལས་དོན་ལ་དཀྲིས་པའི་འགན་འཁྲི་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་བརྒྱུད་རིམ་ལྡན་པའི་ངང་གསེད་དཀྲོལ་བྱེད་པ་དང“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་བརྒྱབ་ནས་རྩ་འཛུགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལག་བསྟར་དོན་འཁྱོལ་གྱི་བསམ་ཕྱོགས་དང་། བྱེད་ཐབས། བྱ་ཐབས་བཅས་ཞིབ་འཇུག་བྱས་ནས་བཏོན་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རྒྱུན་སྲིང་ལྷོད་མེད་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་དང་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་བསྒྱུར་བ་དང་། ཏང་གཤིས་ལ་ཞུན་བརྡར་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀའི་སྟོབས་ཤུགས་ཆེན་པོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ་མཐའ་འཁྱོངས་དང་། བློ་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཐུབ་པ་བཅས་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་མཁན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།