དབུ་ཤོག>སྲིད་དོན།
  • ལིའུ་ཅང་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཀྲི་པུའུ་གཉིས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-11-12

    ཟླ་11ཚེས་9ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཀྲི་པུའུ་གནས་སའི་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཀྲི་པུའུ་གཉིས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ་རེད། ཁོང་གིས་ཏང་ཡོན་དང་ལས་བྱེད་ཉེན་རྟོག་པས་སྲོག་ཤིང་ལ་རྣམ་དག་དང་ངར་སེམས་ཆེར་སྐྱེད་ཀྱིས་རྒྱང་ལམ་གསར་པར་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པའི་རེ་བ་བཏོན་གནང་བ་རེད།

    ལིའུ་ཅང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་འགག་རྩ་ནི་བྱ་སྤྱོད་དང་ཕན་འབྲས་ལ་བལྟ་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ནས་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པ་བྱེད་དགོས། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུའི་ཐད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ནས། བདེ་འཇགས་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཧུར་ཐག་གཏོད་དགོས། བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་དང་ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པ་བྱས་ནས་དྲང་གཞག་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག་ཧུར་ཐག་གཏོད་དགོས། གཞུང་འཁྱོངས་གསར་འབྱེད་དང་སྲིད་ཁྲིམས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ནས། སྲིད་ཁྲིམས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་པའི་ཐད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ནས། སྲིད་ཁྲིམས་ཀྱི་དམག་དཔུང་ཧྲག་པོ་ཞིག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲི་པུའུ་ཡི་ཏང་ཡོན་བློ་མཐུན་11གིས་རེ་རེ་བཞིན་གཏམ་བཤད་སྤེལ་བ་དང་གྲོས་བསྡུར་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།