དབུ་ཤོག>སྲིད་དོན།
  • རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་བྱེད་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-12

    e9a597aa-114e-4d4c-802f-f82d7017dcba.jpg.jpg

    ཟླ་11ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་སའི་ཟོག་ཚིགས་ནུབ་མར་དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་འགན་ལེན་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།

    93c162a7-a1c0-42c7-beae-5cf50cb408ba.jpg.jpg

    ཟླ་11ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ཁུལ་དུ་ལས་ཐོན་བསྐྱར་ཚུགས་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ“རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ་དང་། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་བྱེད་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་སྒྲུབ་དགོས་པ་དང་དངོས་སྒྲུབ་ལས་རྗེས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཁྲེན་ཡུང་ཆི། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། རྡོ་རྗེ་ཚེ་སྒྲུབ། ལུའོ་མེ་བཅས་ཕེབས་པ་རེད།

    ལྷ་ས་གྲོང་ཁྱེར་དུ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་པ་དང་ཆབས་ཅིག བཟའ་བཅའི་བདེ་འཇགས་དང་། དངོས་ཟོག་མཁོ་སྤྲོད། ལས་ཐོན་བསྐྱར་ཚུགས་སོགས་ཀྱི་གནས་ཚུལ་གང་འདྲ་ཡོད་པ་དང་དཀའ་ངལ་དངོས་གང་དག་ཡོད་པའི་ཐད་ཝང་ཅུན་ཀྲེང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སྤུས་ཚད་ཞིབ་བཤེར་ལྟེ་གནས་དང་། ལྷ་སའི་ཟོག་ཚིགས་ནུབ་མ། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ཁུལ། རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས། ཡོན་ཧྥུང་ཧོ་པེ་གསོལ་མགྲོན་ཁང་གི་ལོགས་བཀར་ས་ཚིགས་བཅས་སུ་ཝང་ཅུན་ཀྲེང་གིས་བཟའ་བཅའ་དང་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཚད་ལེན་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ནན་ཏན་གནང་ནས་ས་གནས་ས་ཐོག་ཏུ་དམངས་འཚོའི་དངོས་རྫས་སྐྱེལ་འདྲེན་འགན་ལེན་དང་། གཙོ་གནད་རྣམ་གྲངས་ལས་ཐོན་བསྐྱར་ཚུགས་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་འཁྱོལ་བྱས་ཚུལ་བཅས་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་སྔར་བཞིན་ཧ་ཅང་ལྕི་པོ་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས“ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ། གཙོ་གནད་ལས་འགན་གཙོ་སྒྲུབ་དང་། ལས་ཀའི་ཞན་ཆ་སེལ་བ། ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷ་ས་གྲོང་ཨུད་ཀྱིས་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་ལས་དོན་ཁག་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས། “སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ཁྲིམས་དང་མཐུན་པ་དང་། ཚན་རིག་དང་མཐུན་པ། གནད་ལ་འཁེལ་བ། དོ་ནན་པོ། གོ་ཆོད་པོ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་བླང་བྱ་གཞིར་བཟུང“ཕྱོགས་བཞིའི་འགན་འཁྲི”དང“སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་སྔར་ལས་ལྷག་པ་བྱས་ཏེ་སྤྱི་ཚོགས་ངོས་སུ་བསྐྱར་ལོག་མི་ཡོང་བ་མཐའ་གཅིག་ཏུ་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་བྱེད་ནུས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

    རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པ་དང་དུས་མཚུངས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས“སྡོམ་ཐུབ་པ”དང“གློད་ཐུབ་པ”གཅིག་གྱུར་ནུས་ལྡན་བྱས་ཏེ་དེ་བས་གནད་སྨིན་གྱིས“སྡོམ”ཐུབ་པ་དང་། དེ་བས་རང་འགུལ་ངང“གློད”ཐུབ་པ་བྱས་ཐོག་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་ཞབས་ཞུའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ལ་འཇོག་པ་དང་ལག་ཏུ་བཟུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས། བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་། བཟའ་བཅའི་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ། འགན་འཁྲི་དོན་འཁྱོལ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས། བཟའ་བཅའ་སྣ་ཚོགས་གཏོང་འདྲེན་གྲབས་གསོག་བཅས་ལ་ཤུགས་སྣོན་རྒྱག་པ། དངོས་ཟོག་དབོར་འདྲེན་དང་བཟའ་བཅའ་སྡེབ་སྐྱེལ་གྱི་ཐབས་ལམ་ཤར་གཏོང་ཐུབ་པ། འབེལ་ཉོ་དཀོན་འཚོང་དང་ཟོག་གོང་ཧམ་སྤོར་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། འཚོ་བའི་མཁོ་རྫས་ཀྱི་ཁྲོམ་རའི་མཁོ་སྤྲོད་ཡག་པོ་བཅས་བྱས་ནས“ཤ་ཚལ་སྒོང་གསུམ”དང“ཟ་འབྲུ”འགན་ལེན་ཏན་ཏིག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཨར་ལས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་ཀྱི་དུས་ཚོད་དམ་འཛིན་གྱིས་ཨར་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་རིམས་འགོག་གི་བདེ་འཇགས་དང་ཐོན་སྐྱེད་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ཏེ་ལས་ཀ་བྱེད་ལུགས་བྱེད་སྟངས་ལ་དོ་སྣང་དང་། གདེང་ཚོད་འཕེལ་བ་དང་། མི་སེམས་དྲོད་པ། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་ལས་ཀ་མང་ཙམ་སྒྲུབ་པ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ་སེམས་ནུས་སྔར་བས་གཅིག་སྒྲིལ་དང་མཉམ་ཤུགས་སྔར་བས་ཆགས་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་བླང་བྱ་བཏོན་དོན། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་འགན་འཁྲི་གཙང་སྒྲུབ་དང་རང་འགན་ཐེག་པ་ཁུར་ལེན་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་གཞི་རིམ་དུ་དོན་འཁྱོལ་བྱེད་དགོས། “ངེས་པར་དུ་གསུམ”ཡིད་ལ་བརྟན་པོར་བཅངས་ནས་སྣེ་ཁྲིད་དེ“མིག་དཔེ་དྲུག”ལག་ལེན་བསྟར་བ་དང་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་དགོས་ཤིང་། “རྣམ་པ་ཙམ་སྟོན་པ”སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཉམས་མྱོང་ཕྱོགས་སྡོམ་དང་མི་འདང་ས་འཚོལ་བ་དང་། ཞན་ཆ་སེལ་བ་དང་ལས་དོན་ལེགས་སུ་བཏང་སྟེ་ཚད་གཞི་མཐོ་ལ་སྤུས་ཚད་ལེགས་པོས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་ཐོག་ཕན་འབྲས་དངོས་ལ་བརྟེན་ནས་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བྱེད་ཐབས་ནུས་ལྡན་སྤྱད་དེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་།ཞབས་ཞུ་འགན་ལེན་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལས་ཐོན་དང་ཚོང་ཁྲོམ་བསྐྱར་ཚུགས་བྱེད་པ་དང་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ཁྲོམ་རའི་བྱེད་པོར་རོགས་སྐྱོར་དང་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྲོམ་རའི་བྱེད་པོ་བརྟན་པོ་ཡོང་བར་བྱེད་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་འཁོར་རྒྱུག་བདེ་བླག་ཡོང་བའི་འགན་ལེན་བྱེད་པ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བཅས་བྱེད་དགོས། བོད་ཀྱི་ཁྱད་ལྡན་ཐོན་རྗས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཐོན་རྫས་གྲགས་ཅན་དང་། ཚོང་རྟགས་གྲགས་ཅན། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་བཅས་ཁག་གཅིག་གང་མགྱོགས་སྐྱེད་སྲིང་བྱས་ཏེ་ཐོན་སྐྱེད་ཀྱི་ཚད་གཞི་དང་། ཐོན་རྫས་ཀྱི་སྤུས་ཀ ཟུར་སྣོན་རིན་ཐང་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གྲངས་གཞི་ཆེན་པོའི་ལས་སྟེགས་ཡག་པོ་འཛུགས་པ་དང་། དོ་དམ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དེ་སྤྱི་ཚོགས་བཅོས་སྐྱོང་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། སྲིད་དོན་ཞབས་ཞུ་སོགས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།