དབུ་ཤོག>སྲིད་དོན།
  • ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-11-11

    ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་ཞིང་། ཁོང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ལག་བསྟར་དང་། དམངས་ཆེད་སྲིད་བརྩོན། འགན་འཁྲི་འཁུར་ཕོད་པ། མཐུན་སྒྲིལ་ལས་སྒྲུབ། སྤྱོད་གཙང་གཞུང་དྲང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བཅས་ཀྱི་ཐད་མིག་དཔེ་ཞིག་བྱེད་པ་དང་རང་འགན་གཙང་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་སྐྱོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ཁག་དང་ཐོབ་པའི་གྲུབ་འབྲས་ཁག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་མཛུབ་ཁྲིད་དང་འགན་ལེན་གྱི་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ངེས་རེད། ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་ཟིན་རྗེས། ལས་བྱེད་པ་ནི་ཐག་གཅོད་ཀྱི་རྒྱུ་རྐྱེན་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་གཞག་གི་དགོས་མཁོར་གཞིགས་པ་བཅས་བྱས་ནས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་དང་། སྤྱོད་ཡོན་གཉིས་ལྡན། ལོ་ན་གཞོན་ལ་འཇོན་ཐང་ལྡན་པ། བྱ་བ་སྒྲུབ་འདོད་ལ་བྱ་བ་བསྒྲུབ་ཐུབ་པ་དང་བྱ་བ་སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པ་བདམས་ནས་བཀོལ་སྤྱོད་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་བྱས་རྗེས་འཇོག་པར་ལྕག་སྐུལ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་འགན་སྒྲུབ་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། ཕྱོགས་ཡོངས་ནས་འགན་འཁྲི་གཙང་སྒྲུབ། གསར་འབྱེད་ཡར་བརྩོན་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་བྱས་ཏེ་བྱ་སྤྱོད་དངོས་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་རྩ་འཛུགས་ཀྱི་གསོ་སྐྱོང་དང་ཡིད་ཆེས་ལ་དྲིན་ལན་འཇལ་དགོས།

    ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ལག་ལེན་བྱེད་མཁན་གྱི་མིག་དཔེ་ཞིག་བྱེད་དགོས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ། དགོངས་དོན་ནང་ཁྱབ་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་ནས་སྟངས་འཛིན་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། སྣེ་ཁྲིད་དེ་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། ལས་སྒོའི་ཤེས་བྱ་སྦྱོང་བར་གཙིགས་ཆེན། བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཡོན་གཉིས་ལྡན་དང་། འཇོན་ཞིང་མཁས་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས།

    མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ་སྣེ་ཁྲིད་དེ་དམངས་ཆེད་སྲིད་བརྩོན་གྱི་མིག་དཔེ་ཞིག་བྱེད་དགོས། ཡང་དག་པའི་ཆབ་སྲིད་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས་རང་རྟོགས་ངང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་ཏེ་ལས་སྒྲུབ་ལས་གཏོད་དང་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རིན་ཐང་དོན་གཉེར་ཨང་དང་པོར་བརྩིས་ནས་འགན་འཁྲིའི་འདུ་ཤེས་དང་། སྤྱི་ཞབས་པའི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ཀྱི་ཁེ་ཕན་དོན་གཉེར་བཅས་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་དོན་ཆུང་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་སྒྲུབ་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ལངས་ནས་བསམ་བློ་བརྗེ་རེས་བྱེད་པ། རང་འགུལ་ངང་མང་ཚོགས་ལ་རོགས་པ་བྱས་ཏེ་གནད་དོན་ཐག་གཅོད་བཅས་བྱས་ནས་དམངས་སེམས་རྟོགས་པ་དང་། དམངས་ཀྱི་འབོད་སྒྲ་ཉན་པ། དམངས་ཀྱི་འདོད་བློར་བསྟུན་པ། དམངས་སེམས་དྲོ་བ་བཅས་བྱེད་དགོས།

    འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་དམ་པ་དོན་གཉེར་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སྣེ་ཁྲིད་དེ་ཐེག་པ་འཁུར་ལེན་གྱི་མིག་དཔེ་ཞིག་བྱེད་དགོས། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་པ་དང་། “སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར་བ”བློ་ལ་བརྟན་པོར་འཆང་བ། འགན་འཁྲི་ཡིད་ལ་འཆང་བ་དང་། ཐེག་པ་ཕྲག་ཏུ་འཁུར་བ། ལས་འགན་ལག་ཏུ་ལེན་པ་བཅས་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པའི་ལས་རྗེས་གཏོད་དགོས། འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་། སྲོལ་རྒྱུན་གྱི་བསམ་བློའི་གོམས་གཤིས་དང་གཞན་བརྟེན་གྱི་རྣམ་པ་ལས་སྒྲོལ་ཕོད་པ་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱེད་པ། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་བྱ་བ་སྒྲུབ་པ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཐབས་ཇུས་ཚན་རིག་དང་མཐུན་པ་དང་དམངས་གཙོ་ལྡན་པ་དང་། ལག་བསྟར་ཐད་ནུས་པ་མཐའ་གཅིག་ཏུ་ལྡན་པ། ལས་སྒྲུབ་ཁྲིམས་དང་མཐུན་ཞིང་ཕན་འབྲས་ཆེ་བ་བཅས་བྱེད་དགོས།

    མཐུན་སྒྲིལ་འབད་འཐབ་མཐའ་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་ཞིག་བྱེད་དགོས། “ངེས་པར་དུ་བྱེད་དགོས་པ་གསུམ”བློ་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཁྲོད་ནས་མཐུན་སྒྲིལ་འབད་འཐབ་ཀྱི་མདུན་སྐྱོད་སྒུལ་ཤུགས་ཐོབ་པ་བྱེད་པ་དང་། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་ཁྲོད་ནས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་འདེགས་སྐྱོར་ཞུན་བརྡར་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་ཁྲོད་ནས་མཐུན་སྒྲིལ་འབད་འཐབ་ཀྱི་བརྗིད་ཆེའི་སྟོབས་ཤུགས་འཕེལ་བ་བཅས་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་དང་། མཐའ་ཚད་ཀྱི་བསམ་བློ། སེམས་ཁྲལ་གྱི་འདུ་ཤེས་བཅས་མཐའ་འཁྱོངས་བྱས་ཏེ་ཉེན་ཁ་འགོག་ཟོན་གྱི་གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་དང་དགེ་ཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་བྱེད་པ། བློ་ཁ་གཅིག་ཏུ་ཕྱོགས་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་སྣེ་ཁྲིད་དེ་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཐུན་སྒྲིལ་སྲུང་སྐྱོང་། མཐུན་སྒྲིལ་ཟབ་གཏོང་བཅས་བྱས་ནས་བསམ་ཇུས་གཅིག་བསྡུས་ཀྱིས་ལས་དོན་ལ་དམ་འཛིན་དང་། བློ་གཅིག་སེམས་གཅིག་སྒྲིལ་གྱིས་བྱ་གཞག་སྒྲུབ་པ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།

    སྲིད་གཙང་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ་སྣེ་ཁྲིད་དེ་གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཞིག་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་བ་དང་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་བཏང་སྟེ་དེ་བས་རང་རྟོགས་ངང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྒྱུར་བཅོས་ཟབ་གཏོང་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས། ཏང་ཁྲིམས་ཁྲིམས་སྲོལ་ནན་པོར་སྲུང་བ་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བཅས་བྱས་ནས་དབང་ཆ་དང་། རྒྱུ་དངུལ། གྲོགས་པོ་སྒྲིག་པ་བཅས་ཀྱི་འགག་སྒོ་སྟངས་འཛིན་ཡག་པོ་བྱས་ཏེ་རང་ཚུགས་ཟིན་པ་དང་། ཀུན་སྤྱོད་གཙང་བ། འཇོན་ཐང་ཆེ་བ་བཅས་བྱེད་དགོས། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་གནས་ཐུབ་པ་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་བསམ་བློ་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་དང་། ཏང་གཤིས་རྩ་དོན་གྱི་མཐའ་ཚད། ཁྲིམས་སྲོལ་སྒྲིག་ཁྲིམས་ཀྱི་དམར་ཐིག་བཅས་མཐའ་གཅིག་ཏུ་སྲུང་ཐུབ་པ་བྱེད་དགོས། དབང་ཆ་ཡང་དག་པར་སྤྱོད་པ་དང་། མི་ཚུལ་ལྡན་ཞིག་བྱེད་པ། བྱ་བ་གཙང་མ་སྒྲུབ་པ། སྤྱོད་གཙང་སྲིད་སྐྱོང་བཅས་བྱས་ནས་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞིག་བྱེད་དགོས།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་ཞིག་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་དང་། དར་ཆ་གསལ་སྟོན་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་དགོས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་དང་། ལས་ཀར་གྲུབ་འབྲས་ཐོབ་པ་དང་ལས་ཀ་ཡག་པོ་སྒྲུབ་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་བཅས་བྱེད་དགོས་པ་ལས་བཤད་པ་ཙམ་དང་བྱེད་པ་ཙམ་གཏན་ནས་བྱེད་མི་རུང་། ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་བཙུགས་ཏེ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཚན་ཁག་གིས་དཔུང་ཁག་ལ་སྣེ་ཁྲིད་དང་། དོ་དམ་ནན་པོ་དང་བྱམས་སྐྱོང་ཟུང་འབྲེལ་ནུས་ལྡན། དར་ཆ་གསལ་སྟོན་གྱིས་དངོས་སྒྲུབ་ཐད་གྲུབ་འབྲས་ཐོབ་མཁན་ལ་གཟེངས་བསྟོད་བྱེད་པ་དང་། སྒྱུར་བཅོས་ཧུར་ཐག་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པ། འཚོལ་ཞིབ་བྱེད་ཕོད་མཁན་ལ་སྐུལ་མ་གཏོང་བ། ཆབ་སྲིད་ཀྱི་འགན་འཛོལ་ཤོར་མཁན་ཕྱིར་འབུད་བྱེད་པ། ཁྲིམས་འགལ་སྒྲིག་འགལ་ཐག་གཅོད་ནན་པོ་བཅས་བྱས་ནས་དངོས་འབྲེལ་དཀའ་ལས་རྒྱག་མཁན་ལ་མཐོང་ཆེན་བྱེད་པ་དང་། བྱས་རྗེས་འཇོག་མཁན་ལ་གོ་གནས་སྤྲོད་པ། འཇོན་ཐང་ཅན་ལ་མཐོང་ཆེན་བྱེད་པ། ཕུལ་བྱུང་བར་སྔོན་ལ་བསམ་བློ་གཏོང་བ་བཅས་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།