ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།
ཟླ་11ཚེས་4ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། གྲོང་གསེབ་དར་རྒྱས་ཅུས། ཆུ་བེད་ཐིང་བཅས་སུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། “ཞིང་གསུམ”གྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་ཀྱང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དུ་ཕེབས་ནས་འབྲོག་ལས་འཕེལ་རྒྱས་བཏང་ཚུལ་དང་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཟླ་11ཚེས་4ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། གྲོང་གསེབ་དར་རྒྱས་ཅུས། ཆུ་བེད་ཐིང་བཅས་སུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། “ཞིང་གསུམ”གྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་ཀྱང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་སུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བཞིན་པ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཚེས་4ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། གྲོང་གསེབ་དར་རྒྱས་ཅུས། ཆུ་བེད་ཐིང་བཅས་སུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། “ཞིང་གསུམ”གྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟླ་བ་ཚེ་རིང་དང་། རྡོ་ཐོགས། རྒྱལ་མཚན་བཅས་ལྷན་དུ་ཕེབས་པ་རེད།
བརྟག་ཞིབ་གནང་སྐབས། ཝང་ཅུན་ཀྲེང་གིས་འབྲོག་ལས་ཆུ་ཐོན་དང་འདེབས་འཛུགས་ལས་རིགས་དོ་དམ་དང་། ཆུ་མཚེའུ་དོ་དམ། ཆུ་ལོག་དང་ཐན་སྐྱོན་སྔོན་འགོག་སོགས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཚན་ཁག་ཏུ་ཕེབས་ནས་དེ་གའི་ལས་བྱེད་ལས་བཟོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ཚང་མའི་ལས་ཀ་དང་འཚོ་བའི་སྐོར་ལ་ཐུགས་ཁུར་དང་བཀའ་འདྲི་གནང་བ། འབྲོག་ལས་འཕེལ་རྒྱས་དང་། འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་དོན་འཁྱོལ། གཙོ་གནད་ཆུ་བེད་རྣམ་གྲངས་ཀྱི་འཆར་འགོད་ལག་བསྟར། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་དོན་བཀོད་སྒྲིག་གི་གནས་ཚུལ་དང་གཙོ་གནད་ལས་དོན་ལ་སྐུལ་སྤེལ་བཏང་ཚུལ་སྐོར་གྱི་སྙན་སེང་ནན་ཏན་གསན་པ། ལྗོངས་ཡོངས་ཀྱི“ཞིང་གསུམ་”ལས་དོན་གྱི་འཕེལ་རྒྱས་དང་ཡར་རྒྱས་ལ་ཁས་ལེན་གང་ལེགས་བཅས་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས“ཞིང་གསུམ”ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱེད་དགོས། ཞིང་ལས་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཀྱི་སྤུས་ལེགས་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཕྲོད། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་བཏང་བ་བརྒྱུད། རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
འཐུས་ཚང་དང་རིམ་སྤོར་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས་ཤིང་། མཐའ་ཚད་ཀྱི་བསམ་བློ་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལྟ་ཞིབ་རོགས་སྐྱོར་གྱི་འགན་འཁྲི་དོན་འཁྱོལ། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དབུལ་གྲོལ་མང་ཚོགས་གཞི་ཁྱོན་ཆེན་པོས་དབུལ་ལོག་གི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་དབུལ་གྲོལ་ས་ཁུལ་དང་དབུལ་གྲོལ་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ཞིང་ལས་གྲོང་གསེབ་ལ་མ་དངུལ་གཏོང་གྲངས་མང་དུ་བཏང་སྟེ་མ་དངུལ་གཏོང་གྲངས་རྒྱུན་མཐུད་མང་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས།
འབྲུ་རིགས་ཐོན་སྐྱེད་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ནས་འབྲུ་རིགས་བདེ་འཇགས་ཐོག་མཐའ་བར་གསུམ་དུ་འགན་ལེན་བྱེད་དགོས་ཤིང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་ནས་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ལག་ཏུ་འབྲུ་རིགས་ཡོད་པ་དང་སེམས་ལ་སེམས་ཁྲལ་མེད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་ཀྱི་སྤུས་ཚད་འགན་ལེན་དང་རྒྱུན་མཐུད་ཆོག་པའི་སྒོ་ནས་ཐོན་འཕར་ཡོང་བའི་འགན་ལེན། རྨོ་ཞིང་གི་དམར་ཐིག་ནན་སྲུང་དང་རྨོ་ཞིང་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་གཏོང་བ་བཅས་བྱེད་དགོས།
གྲུབ་ཆ་ལེགས་སྒྲིག་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་དགོས་ཤིང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞིང་འབྲོག་ལས་ནང་ཁུལ་གྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་མགྱོགས་སུ་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་མ་ལག་འཛུགས་པ་དང་། ཐོན་ལས་རིམ་སྤོར་བྱ་སྤྱོད་ལག་བསྟར་ཡག་པོ། ཞིང་འབྲོག་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང་། ཞིབ་ཚགས་ལས་སྣོན། ཕྱོགས་བསྡུས་བེད་སྤྱོད་ལས་སྣོན་བཅས་ལ་སྤྱི་འདོམས་འཕེལ་རྒྱས་གཏོང་བ། འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་མགྱོགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་། ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་པ་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་དང་། དངོས་ཤུགས་ཡོད་པ་དང་། ཁྲོམ་ར་ཡོད་པ། སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་། དུད་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་གྲས་དང་འགྱུར་ལྡོག་མང་བའི་ཁྲོམ་ར་ཆེན་པོ་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཕན་པ་དེ་བས་མང་བ་སྐྲུན་པ་དང་། སྤུས་རྟགས་གཏོད་རྒྱུར་མཐོང་ཆེན་བྱས་ཏེ་ས་མཐོའི་སྤུས་རྟགས་དང་། ལྗང་མདོག་སྤུས་རྟགས། ཁྱད་ལྡན་སྤུས་རྟགས་བཅས་ལ་བརྟེན་པ་དང་། ཕྱི་རོལ་གྱི་སྟོབས་ཤུགས་ཡག་པོ་སྤྱོད་པ། ནང་གནས་སྟོབས་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས།
ལྟེ་བའི་ལས་འགན་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་དགོས་ཤིང་། ཞིང་འབྲོག་ཁུལ་གྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ཀྱི་རྩལ་ནུས་ཆུ་ཚད་དང་ལས་ཞུགས་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་ལས་འཕེལ་རྒྱས་ལ་གཞི་ཁྱོན་འོས་འཚམ་གྱིས་གཉེར་སྐྱོང་བྱེད་པ། ཞིང་འབྲོག་ཁུལ་གྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ། དམངས་འཚོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཡག་པོ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་མང་དུ་གཏོང་བ་བཅས་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།
ཚན་རྩལ་འདེགས་སྐྱོར་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་དང་རིག་ནུས་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ་ཚན་རིག་ལག་རྩལ་དྲིལ་བསྒྲགས་ཁྱབ་གདལ་དང་བེད་སྤྱོད་ལ་ཤུགས་སྣོན་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཟབ་ཏུ་གཏོང་བ། ཞིང་འབྲོག་ལས་ཀྱི་སོན་གསོ་ཞིབ་འཇུག་གསར་སྤེལ་དང་འབྲི་གཡག་དང་ལུག་སོགས་གསོ་སྤེལ་ལག་རྩལ་གྱི་འགག་གནད་སྒྲོལ་བར་ཤུགས་སྣོན། སོན་གསོའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་དང་སྐྱོང་འཕེལ་སྤེལ་གསུམ་གཞི་གཅིག་ཅན་གྱི་སོན་ལས་འཕེལ་རྒྱས་གཏོང་སྟངས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་ལས་ལ་ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཞིང་ལས་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་ལས་ལག་རྩལ་མི་སྣའི་དོ་དམ་ལམ་ལུགས་དང་། ཞབས་ཞུའི་འགན་འཁྲིའི་ལམ་ལུགས། མི་སྣའི་དཔྱད་ཞིབ་ལམ་ལུགས། མི་སྣའི་གསོ་སྦྱོང་ལམ་ལུགས་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་ལས་ལག་རྩལ་མི་སྣས་གཙོ་འགན་དང་གཙོ་ལས་ལ་དམིགས་པ་དང་། རང་འགན་གཙང་སྒྲུབ། ནུས་པ་འདོན་སྤེལ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས།
བླ་སྲོག་གཏོད་པའི་འདུ་འགོད་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ། བདེ་ཐང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ། ཡུལ་སྲོལ་བཟང་བ་དང་། ཁྱིམ་སྲོལ་ལེགས་པ། དམངས་སྲོལ་བབ་ཆགས་བཅས་ལ་སྐུལ་འདེད། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་དང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན། ཆབ་སྲིད་ཐད་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པོ། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ཀྱིས་བྱང་ཚད་མཐོ་རུ་བཏང་ནས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ལྷག་པར་བཞིའི”ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས་ཀྱིས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་བྱས་རྗེས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ་དང་། ཆབ་སྲིད་ཐད་བློས་འཁེལ་བ་དང་། ལས་ཀའི་ཐད་འཇོན་ཐང་ཆེ་བ། སྤྱོད་ཚུལ་ཐད་ཉམས་སད་ཐེག་པ་བཅས་ཀྱི་བྱང་ཚད་མཐོ་བའི“ཞིང་གསུམ”ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་བསྒྱུར་ནས“ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ་དང་། སྤྱོད་ཚུལ་ལེགས་པོ་མེད་པ་ནི་ང་ཚོའི་ལས་དོན་ཁྲོད་ཀྱི་དཀའ་གནད་ཆེ་ཤོས་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ཏེ་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀ་བྱེད་སྟངས་དང་། ལས་ཀའི་འཇོན་ཐང་། ལས་ཀའི་ཆུ་ཚད་བཅས་ལ་ཞིབ་དཔྱད་བྱེད་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣