ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཏང་ཡོན་དཀྱུས་མའི་མཚན་ཐོག་ནས་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དྲུང་ཡིག་ཁྲུའུ་དང་པོའི་ཏང་ཀྲི་པུའུ་དང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཀྲི་པུའུ་བཞི་པའི“མཉམ་གཏོད་མཉམ་སྐྲུན”གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་མ་ཟད། ཆེད་དོན་ཏང་གི་སློབ་ཚན་འཆད་ཁྲིད་གནང་ནས་ཚང་མ་དང་ལྷན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་མྱོང་ཚོར་སྤེལ་རེས་ཀྱང་གནང་བ་རེད། བྱེད་སྒོའི་ནང་ཏང་ཡོན་བློ་མཐུན་6གིས་སྙན་སྒྲོན་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་དེ་་བཞིན་བསམ་བློ་དང་ལས་ཀའི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ནས་གཏམ་བཤད་ཧུར་ཐག་བྱས་ལ། རྣམ་པའང་ཧ་ཅང་འཁྲུག་པོ་ཡོད་པ་རེད།
ཡན་ཅིན་ཧའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་འོད་ཟེར་གང་སར་འཕྲོ་བཞིན་ཡོད་ལ། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྟོབས་ཤུགས་རླབས་པོ་ཆེ་ཡང་ཕྱོགས་གང་སར་མངོན་ཡོད། ཆབ་སྲིད་ཀྱི་ལས་ཁུངས་ཤིག་ཡིན་པའི་སྲིད་གཞུང་གཞུང་དོན་ཐིང་གིས་ལྷག་བསམ་ལ་སྣང་ཆེན་མཐའ་གཅིག་ཏུ་བྱས་ཏེ་དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང“གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”བློ་ལ་བརྟན་པོར་བཅངས་བ་དང་། ཁྲག་རྒྱུན་ནང་འདྲེས་པ། བྱ་སྤྱོད་ཐོག་དོན་འཁྱོལ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། འགྲོ་ལམ་གྱི་སྟོབས་ཤུགས་རླབས་པོ་ཆེ་ཚོར་ཐུབ་པ་བྱས་ནས་འབད་འབུངས་ཡར་བརྩོན་གྱི་བསམ་བློ་ནམ་ཡང་མི་ཉམས་པ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར”གྱི་ཆོད་སེམས་ངེས་ཤུགས་དང“སྙིང་སྟོབས་ཆེར་བསྐྱེད་ཀྱིས་འབྱུང་འགྱུར་ལ་ཕྱོགས་པའི”འགྲོ་ལམ་གྱི་གདེང་ཚོད་ཕྱོགས་གང་སར་མངོན་ཡོད། ལྟེ་བའི་ལས་ཁུངས་ཤིག་ཡིན་པའི་སྲིད་གཞུང་གཞུང་དོན་ཐིང་གིས་ལས་བཀུར་ལ་སྣང་ཆེན་མཐའ་གཅིག་ཏུ་བྱས་ནས་ལས་དོན་བྱ་གཞག་ལ་བརྩིས་ཏེ་སྒྲུབ་པ་དང་། བྱ་གཞག་ཁག་ཡག་པོ་སྒྲུབ་པ། ལས་དོན་ཁག་ཡག་པོ་སྒྲུབ་པ། ལས་དོན་འཐུས་ཤོར་མི་གཏོང་བ་དང་། ལས་དོན་ཕུང་གསོག་མི་ཐེབས་པ། ལས་དོན་ལྷོད་གཡེང་མི་གཏོང་བ། གནས་ཚུལ་མི་ལྷག་པ། ལས་དོན་ལ་ནོར་འཁྲུལ་མི་ཐོན་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་གཟབ་ནན་ཞིབ་ཚགས་ངང་འགན་འཁུར་དགོས། དམིགས་ཡུལ་གྱི་སྟོབས་ཤུགས་རླབས་པོ་ཆེ་ཚོར་ཐུབ་པ་བྱས་ནས་དམངས་ཆེད་བརྩེ་སེམས་ནམ་ཡང་མི་ཉམས་པ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“མི་དམངས་གོང་དུ་བཀུར་བ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”རིན་ཐང་གི་ཁ་ཕྱོགས་དང“བདག་འཛིན་རིང་དུ་སྤངས་ཤིང་དམངས་དོན་པང་དུ་ལེན་པའི”ལྷད་མེདབརྩེ་སེམས་ཕྱོགས་གང་སར་མངོན་ཡོད། ཞབས་ཞུའི་ལས་ཁུངས་ཤིག་ཡིན་པའི་སྲིད་གཞུང་གཞུང་དོན་ཐིང་གིས་ཕན་ཆེར་སྣང་ཆེན་མཐའ་གཅིག་ཏུ་བྱས་ནས་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། ནུས་པ་ཆེ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། འཚབ་འཚུབ་སྤོང་བ། གོ་རིམ་ལྡན་ལ་མི་འཁྲུག་པ། བྲེལ་འཚུབ་ཆེ་ཡང་ཟིང་མི་རྒྱག་པ་བཅས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། སྙིང་སྟོབས་རླབས་པོ་ཆེ་ཚོར་ཐུབ་པ་བྱས་ནས་གསར་བརྗེའི་བསམ་བློ་ནམ་ཡང་མི་ཉམས་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“དཀའ་ངལ་ཁྲོད་མདུན་སྐྱོད་བྱེད་པའི”འབད་འཐབ་སྙིང་སྟོབས་དང“འཇིག་རྟེན་གསར་པ་ཞིག་ལ་སྒྱུར་བ་ཕོད་པའི”གསར་བརྗེའི་སྤྲོ་སེམས་ཕྱོགས་གང་སར་མངོན་ཡོད། དཔེ་སྟོན་ལས་ཁུངས་ཤིག་ཡིན་པའི་སྲིད་གཞུང་གཞུང་དོན་ཐིང་གིས་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་མཐའ་གཅིག་ཏུ་བྱས་ནས་བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་གོ་རྟོགས་ལ་བརྟེན་ནས་འབད་འབུངས་བྱེད་པ་ལས་ཐོབ་ཤོར་མི་རྩོད་པ་དང་། ཚོད་བགམ་ཐེག་ཐུབ་པ་དང་ཡུལ་པོ་བཟོད་ཐུབ་པ་བཅས་བྱས་ཏེ། དཀའ་སྡུག་དང་སྤྲོ་སྐྱིད་དང་། མིང་གྲགས་དང་ཁེ་ཕན། ཐོབ་ཤོར་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱས་ཏེ་བླང་བྱ་ནན་པོ་ལྟར་ལས་དོན་སྒྲུབ་པ་དང་གོང་འོག་གི་ཞིབ་བཤེར་ཉམས་སད་ཐེག་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།