དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-05

    ཚེས་3ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁྲིམས་སྐྱོང་སྲིད་གཞུང་དང་། དུས་བདེའི་བོད་ལྗོངས། ལས་ཞུགས་ལས་གཏོད་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནས་བཟུང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས་མུ་མཐུད་དམ་འཛིན་ལྷོད་མེད་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི“རྟོགས་དགོས་ཤེས་དགོས”ཀྱི་ཁྲིམས་སྦྱོང་ལག་དེབ་ཞིབ་ཚགས་བཟོ་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་འཛུགས་གཏོད་ལ་དམ་འཛིན་བྱས་ཏེ་དོན་དངོས་དང་འཚམ་པའི་དངོས་སྒྲུབ་ཀྱི་བྱ་ཐབས་ཁག་གཅིག་འདོན་དགོས་པ། ཡུལ་བབ་དང་བསྟུན་ནས་དཔྱད་ཞིབ་ལ་དམ་འཛིན་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ནག་སེལ་གཤེད་བཅོམ་དང་། དུག་འགོག ཡིག་སྐུར་ངོ་བཅར་སོགས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡག་པོ་བསྒྲུབས་ནས་དུས་བདེའི་བོད་ལྗོངས་སྐྲུན་དགོས། ནག་སེལ་གཤེད་བཅོམ་དང་དམངས་ཀྱི་བདེ་འཇགས་བསྲུངས་ཏེ་འགན་འཁྲི་འཁུར་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་སྐུལ་སློང་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་དང་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ། དེ་བཞིན་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་སྐྲུན་པ་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་སྤྱི་ཚོགས་རྣམ་པ་གཏོད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཐད“བརྟན་པོ”མངོན་གསལ་དོད་པོ་ཡོང་བ་དང་ལས་ཞུགས་བརྟན་པོ་ཡོང་བ་བྱས་ནས། གཏན་འཁེལ་ཟིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་འབྲེལ་བ་ཡོད་པའི་ལས་གནས་གསོ་སྦྱོང་ཁ་གསབ་རོགས་དངུལ་དང་། ལས་གནས་རྒྱ་སྐྱེད་ཁ་གསབ་རོགས་དངུལ། ལས་འཚོལ་ལས་གཏོད་ཁ་གསབ་རོགས་དངུལ་བཅས་དང་རང་བརྟེན་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་སྲིད་ཇུས་དང་ཞིང་འབྲོག་པའི་ལས་ཞུགས་དང་འབྲེལ་བ་ཡོད་པའི་ལས་ཞུགས་བྱ་དགའ་དང་། ལས་གནས་ངོ་སྤྲོད་ཀྱི་ཁ་གསབ་རོགས་དངུལ། ལམ་གྲོན་ཁ་གསབ་རོགས་དངུལ་སོགས་ཀྱི་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལས་ཞུགས་རོགས་སྐྱོར་ཡག་པོ་བྱེད་དགོས། གསོ་སྦྱོང་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྩལ་ནུས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་པ་དང་ལས་རིགས་དང་བསྟུན་ནས་རིམ་པ་ཁག་དང་རིགས་ཁག་གི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་འཆར་གཞི་བཟོ་བ་དང་ལག་བསྟར་བྱས་ཏེ། ངལ་རྩོལ་པ་དང་ལྷག་པར་དུ་ཞིང་འབྲོག་པས“ལག་རྩལ་སྣེ་གཅིག་”དངོས་འབྲེལ་ཁོང་དུ་ཆུད་པར་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གཞིས་ཆགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་གྱི་འཇོན་ཐང་ལྡན་པ་བྱེད་དགོས།

    ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་སྲོལ་ཡིག (འཆར་ཟིན)》ལ་རྩ་དོན་ཐོག་མོས་མཐུན་བྱུང་ནས་གོ་རིམ་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།