ཚེས་2ཉིན་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ཏང་གི་ཚོཌ་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་དཀར་སེམས་དཀར་གྱིས་སྲོག་ཤིང་ལ་ཕྱོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱིས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བསྐྱར་དར་ཆེད་ཁ་ཕྱོགས་ཡང་དག་གཏན་འཁེལ་བྱས་ཡོད། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེའི་ལམ་ཚད་རྡོ་རིང་གི་དོན་སྙིང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་སོགས་ཁོང་དུ་ལེགས་པར་ཆུད་པ་བྱས་ནས་བློ་སྟོབས་ཆེར་བསྐྱེད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་དགོས།
ལིའུ་ཅང་གིས“ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་བྱེད·ཞུམ་མེད་དམག་གིས་བླ་སྲོག་གཏོད་པའི”བྱེད་སྒོ་སྤེལ་ནས་ལས་བྱེད་ཉེན་རྟོག་པར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། “ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ངས་ཤོད་པའི”བྱེད་སྒོ་སྤེལ་ནས་ལས་བྱེད་པ་དང་ཉེན་རྟོག་པའི་བསམ་བློ་དང་བྱ་སྤྱོད་དང་། བློ་གྲོས་དང་སྟོབས་ཤུགས་གཅིག་གྱུར་ཏན་ཏིག་བྱེད་དགོས། “བློ་དཀར་སེམས་དཀར་གྱིས་སྲོག་ཤིང་ལ་ཕྱོགས་པ་དང་རྒྱང་ལམ་གསར་པར་བསྐྱོད་རྒྱུར་གཡས་གཞོགས་གཡོན་འདེགས་བྱེད་པའི”སློབ་གསོའི་བྱེད་སྒོ་སྤེལ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཁྲིམས་སྐྱོང་འཛུགས་སྐྲུན་དང་རྒྱལ་ཁབ་བདེ་འཇགས་ལས་དོན་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྲིད་དབང་གི་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཉེན་རྟོག་པ་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་དམག་དཔུང་ཞིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།