དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-02

    ཟླ་10ཚེས་31ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་སྲིད་གཞུང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་ཤིང་། “སྦྱོང་བ་དང་། ཉན་པ། ལྟ་བ། གླེང་བ། ཁྲིད་པ”སོགས་ཀྱི་བྱ་ཐབས་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་སྒྲིག་ཡིག་དང་དེ་བཞིན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། མང་ཚོགས་ཚོགས་པའི་ལས་དོན། འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་གྱི་འབྲེལ་ཡོད་དགོངས་དོན་བཅས་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧྲེན་ཁྲོན་ལེང་གིས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་དང་སྲིད་གཞུང་ཏང་ཙུའུ་ཚན་ཁག་གི་ཁོངས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་སྒྲིག་ལམ་ནན་དུ་བཏང་ནས། ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སྣེ་ཁྲིད་དེ་སློབ་སྦྱོང་དང་། སྣེ་ཁྲིད་དེ་ལག་བསྟར། སྣེ་ཁྲིད་དེ་སྲུང་སྐྱོང་བཅས་བྱ་རྒྱུ་རང་རྟོགས་ངང་སྔོན་ལ་འཇོག་པ་དང་གནས་བབ་ཨང་དང་པོར་འཇོག་པ། ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དེ་ཉིད་བསམ་བློའི་སྲུང་བྱ་དང་། བྱ་སྤྱོད་ཀྱི་ཕྱོགས་སྟོན། རྩ་བའི་གཅུན་སྡོམ་བཅས་ལ་བརྩི་བ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ནས། གུང་ཁྲན་ཏང་མིའི་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་གསོ་འཁྱོངས་བྱེད་དགོས། སྲོལ་རྒྱུན་ལ་སློབ་སྦྱོང་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས།

    རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་དང་གཏན་འབེབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་རྩ་འཛུགས་ཀྱིས་རང་འགུལ་ངང་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། གཙོ་ལས་ལ་དམིགས་པ་དང་མཐའ་ཚད་སྲུང་བ། གསར་གཏོད་བྱེད་མཁས་པ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། དཀའ་གནད་དང་ཞན་ཆ་སེལ་བ། མིག་དཔེ་འདོན་པ་དང་སྤུས་རྟགས་འཛུགས་པ་བཅས་བྱེད་དགོས། སྲིད་ཇུས་སློབ་སྦྱོང་དང་མཐའ་ཚད་བསྲུངས་ནས“ཁྲིམས་སྐྱོང་གཞི་འཛིན་སར་བྱེད་པ་དང་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། 《འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་གྱི་གདེང་འཇོག་དམིགས་ཚད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས་ལམ་ལུགས་ཁག་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ནས། སྦྱངས་པ་གོ་ཆོད་དངོས་འབྲེལ་ཐུབ་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།