དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-30

    ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་དང“རིམས་ནད་སྔོན་འགོག དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། དུས་ཚིགས་དང་པོ་ནས་གསུམ་པའི་བར་དཔལ་འབྱོར་འཁོར་རྒྱུག་ལ་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་ཕོག་པས། ལོ་ཧྲིལ་པོའི་སྔོན་གཏན་འཁེལ་བའི་དམིགས་ཚད་ལེགས་སྒྲུབ་བྱེད་པར་འགན་འཁྲི་དང་ལས་འགན་ལྕི་པོ་ཡོད། སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་སྤྱི་འདོམས་ནུས་ལྡན་དང་། སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱིས་ཐེབས་པའི་ཤུགས་རྐྱེན་ངན་པ་ཁྱད་བསད། ཐོབ་པར་དཀའ་བའི་སྐར་ཁུང་དུས་རིམ་དམ་འཛིན། གོ་ཆོད་པའི་བྱ་ཐབས་ནུས་ལྡན་སྤྱོད་པ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས་ལས་དོན་ཧུར་ཐག་སྒྲུབ་དགོས། གཅིག་ནས་ཐབས་བརྒྱ་ཇུས་སྟོང་ངང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་དགོས། མངགས་ཐོ་རག་ཐབས་བྱེད་པ་དང་། ལས་སྒོ་སྤེལ་མགྱོགས་སུ་གཏོང་བ། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་ལ་དམིགས་ནས་དགུན་དུས་ལག་བསྟར་བྱེད་ཆོག་པའི་ཨར་སྐྲུན་རྣམ་གྲངས་ལེགས་སྒྲིག་ནན་ཏན་བྱས་ཏེ་ལོ་འགོའི་གཏན་འཁེལ་རྣམ་གྲངས་ལ་རྒྱུན་སྲོལ་ལས་བརྒལ་པའི་བྱ་ཐབས་སྤྱད་དེ་ལས་འགོ་སྔ་ཙམ་བསྐྱར་འཛུགས་ཐུབ་པ་དང་ལས་མཚམས་མི་འཇོག་པ་དང་ཆ་རྐྱེན་འཛོམས་པའི་རྣམ་གྲངས་དང་ལྷག་པར་དུ“མྱུར་བགྲུབ་རྣམ་གྲངས”ཁག་གཅིག་སྔ་སྣུར་དུ་ལས་འགོ་འཛུགས་རྒྱུའི་འཆར་འགོད་བྱེད་དགོས། སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དམིགས་བསལ་གྱི་བྱ་བ་དམིགས་བསལ་ངང་བསྒྲུབ་རྒྱུ་མཐའ་འཁྱོངས་དང་། རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། འགན་གཙང་འགན་ལེན་ལམ་སྲོལ་དོན་འཁྱོལ། གདུབ་ཟུམ་དོ་དམ་ལག་བསྟར་བཅས་བྱས་ཏེ་དངོས་ཡོད་ཀྱི་ལས་འབོར་གང་མགྱོགས་ཆགས་པ་བྱེད་དགོས། མ་དངུལ་བེད་སྤྱོད་དང་གཏོང་སྒོ་སྒྲིག་སྲོལ་དང་མཐུན་ལ་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱས་ནས་མ་དངུལ་བཏང་ཚེ་ཕན་འབྲས་ཐོན་ངེས་ཡིན་དགོས་པ་དང་ཕན་འབྲས་ཐོན་མེད་ཚེ་ངེས་པར་དུ་འགན་འཁྲི་བདའ་འདེད་གཏོང་ཐུབ་པ་བྱེད་དགོས། གཉིས་ནས་ཐབས་བརྒྱ་ཇུས་སྟོང་ངང་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། འཛད་སྤྱོད་ཀྱི་ཁ་གསབ་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། “ཁེ་ལས་ལ་རོགས་སྐྱོར་བྱས་ནས་དམངས་ལ་ཕན་པ་བསྐྲུན་པའི་བོད་ལྗོངས་ཉོ་སྒྲུབ”ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་གཙོ་གནད་འཛད་སྤྱོད་ལ་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་དོན་ཁེ་ལས་ཆེ་གྲས་དང་དྲ་ཐོག་ཚོང་དོན་ལས་སྟེགས་སོགས་ལ་དྲ་ཐོག་འཛད་སྤྱོད་ཀྱི་གཟིགས་སྐྱོང་འཛིན་ཤོག་སྤྲོད་པ། ཐད་གཏོང་ཟོག་ཚོང་སོགས་ལ་རྒྱབ་སྐྱོར་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛད་སྤྱོད་གསར་པར་སྣེ་ཁྲིད་དང་། ཁྱད་ལྡན་འཛད་སྤྱོད་གཏོད་པ། ཡུལ་སྐོར་འཛད་སྤྱོད་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། གསུམ་ནས་ཐབས་བརྒྱ་ཇུས་སྟོང་ངང་སྔོན་དཔག་བརྟན་པོ་ཡོང་བ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པའི་བྱ་ཐབས་ཁག་29དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་གསེད་བཀྲོལ་ཞིབ་འཇུག་དང་གནད་འཁེལ་ངང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སྒྲུབ་གཉེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཟིགས་སྐྱོང་བྱེད་ཚད་ཆེ་རུ་གཏོང་བ། རྒྱབ་སྐྱོར་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་ལག་བསྟར་གཏིང་ཟབ་དང་ཡོངས་སུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དེ་བས་བརྟན་པོ་དང་དེ་བས་གཟིགས་སྐྱོང་གི་ཐོན་ལས་སྲིད་ཇུས་དང་མ་འཇོག་སྲིད་ཇུས་སྤྱད་དེ་དམངས་གཉེར་ཁེ་ལས་ཀྱི་མ་འཇོག་སེམས་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོ་འགན་ལེན་བྱེད་དགོས། ལས་ཞུགས་བརྟན་པོ་ཡོང་བ་དང་དབུལ་སྒྲོལ་ཐུབ་པའི་མང་ཚོགས་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བ་དང་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་བཅོལ། རྒན་གསོ། སྡོད་ཁང་། ཟོག་གོང་སོགས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་། ལས་ཤོར་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་ལག་བསྟར་ཡག་པོ་བྱེད་པ། འཚོ་བའི་མཁོ་ཆས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་ཡག་པོ་བྱེད་པ། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་རོགས་དངུལ་མང་དུ་གཏོང་བ་བཅས་བྱས་ནས་གནས་སྐབས་འཚོ་བར་དཀའ་ངལ་འཕྲད་པའི་མང་ཚོགས་ལ་གནས་སྐབས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་སྤྲད་དེ་འགན་བཅོལ་ནང་ཞུགས་མེད་པ་དང་ལས་ཤོར་མི་སྣ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ནས་རྒྱང་ལམ་གསར་པའི་ཐོག་སྲིད་གཞུང་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་དམ་འཛིན་བྱ་གཞི་གསར་པ་དང་གཞི་བརྟེན་གསར་པ་རང་འགུལ་ངང་ཇུས་འགོད་ཡག་པོ་བྱེད་པ་དང་། ཕྱི་ལོ་དང་ཐ་ན་འབྱུང་འགྱུར་ལོ་ལྔའི་ལས་དོན་རང་འགུལ་ངང་ཇུས་འགོད་ཡག་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་སྲིད་གཞུང་ཚན་ཁག་གི་ཁོངས་མིས་ལས་འགན་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལས་དོན་གནས་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་སྙན་སེང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།