དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-30

    1fba27ed-fc76-4262-8b50-08b05ccfcca7.jpg.jpg

    ཟླ་10ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ནས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཁྲིམས་འཛིན་ལས་བྱེད་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་མ་ཟད། ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་དང་བཀའ་འདྲི་གནང་བཞིན་པ།

    c4b7b840-5cb4-4df8-8d49-8c91cb1b612f.jpg.jpg

    ཟླ་10ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ནས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བཞིན་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།

    ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ནས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ལིའུ་ཅང་། ཟླ་བ་ཚེ་རིང་། ཀྲང་ཧུང་པོ། བསོད་དར། ཤཱ་ཁེ་ཆིན་བཅས་ལྷན་དུ་ཕེབས་པ་རེད།

    ཝང་ཅུན་ཀྲེང་ཁྲིམས་སྐྱོང་བརྟག་ཞིབ་ཁྲུའུ་དང་། ཁྲིམས་སྐྱོང་སྐུལ་སྤེལ་ཁྲུའུ། རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་། ཁྲིམས་ལྟར་བོད་སྐྱོང་གཞུང་དོན་ཁང་གི་དྲུང་ཡིག་ཁྲུའུ་སོགས་སྡེ་ཚན་དུ་ཕེབས་ཏེ་ཁྲིམས་འཛིན་ལས་བྱེད་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། ཚང་མའི་ལས་ཀ་དང་འཚོ་བའི་སྐོར་ལ་ཐུགས་ཁུར་དང་བཀའ་འདྲི་གནང་བ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་དང་། མི་དམངས་འདུམ་འགྲིག བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་བཀོད་སྒྲིག་དང་ཁྲིམས་ལྟར་བོད་སྐྱོང་ལས་དོན་སྐོར་གྱི་སྙན་སེང་གསན་པ་མ་ཟད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། དུས་རབས་གསར་པའི་ལོ་10ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་ལོ་སྒྱུར་བའི་ཁྱད་འཕགས་ཀྱི་ཆབ་སྲིད་བློ་གྲོས་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་ངེས་ཤུགས་གང་ལེགས་མངོན་ནས། ང་ཚོས“གཏན་འཁེལ་གཉིས”ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན་པ་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པར་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན་ཡིན་པར་སྔར་བས་ངོས་འཛིན་གཏིང་ཟབ་ཐུབ་ཡོད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་འཕྱུགས་མེད་སྟངས་འཛིན་བྱེད་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་མཁན་ཞིག་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་དར་ཆ་བསྒྲེངས་ཏེ་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་གཏོད་པ། ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སྦྱོང་། མིག་དཔེ་སྟོན་ནས་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་ཟིལ་ཤུགས་དང་དབང་གྲགས་སྲུང་སྐྱོང་བྱེད་དགོས། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་ལེགས་གཏོང་། གཞི་རྩ་བརྟན་གཏོང་བཅས་ཀྱི་ལས་ཀའི་སྟོན་ཕྱོགས་བརྟན་པོ་འཛུགས་པ། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་བསམ་བློའི་རྨང་གཞི་དང་། སྤྱི་ཚོགས་ཀྱི་རྨང་གཞི། མང་ཚོགས་ཀྱི་རྨང་གཞི་བཅས་བརྟན་དུ་གཏོང་དགོས། བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱེད་པ་དང་། དམིགས་ཡུལ་ཡོད་པ་དང་། ཚོགས་རིགས་དབྱེ་བ། མཉམ་འགུལ་བཅས་ལ་དོ་སྣང་དང་། གོ་བདེ་ཤེས་སླ་དང་ལྟ་འདོད་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་དྲིལ་བསྒྲགས་སློབ་གསོ་སྤེལ་བ། མང་ཚོགས་ཀྱི་ཐེ་ཞུགས་ཚོར་སྣང་དང་། ཉམས་ལེན་ཚོར་སྣང་། ཐོབ་སྣང་བཅས་ཆེ་རུ་བཏང་སྟེ་་སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། ཐག་གཅོད་བྱེད་དུས་ཁྲིམས་ལ་བསྟུན་པ་བཅས་ཀྱི་སྲོལ་བཟང་ཆགས་པར་བྱེད་དགོས། ལས་ཀའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་ལ་དོ་སྣང་བྱེད་པ། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན་བཅས་ཀྱི་བརྒྱུད་རིམ་ཁྲོད་དུས་ཐོག་ཏུ་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་དེ་གནད་སྨིན་ངང་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་། ལས་དོན་ལ་ཕན་འབྲས་དངོས་ཐོབ་པ། ཡུན་རིང་བདེ་འཁོད་ལ་དམིགས་ནས་ཁྲིམས་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དམིགས་ནས་ཁྲིམས་སྐྱོང་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཁྲིམས་སྐྱོང་གི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ལ་དམིགས་ནས་ཁྲིམས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། འགན་འཁྲི་ཅན་གྱི་དོན་འཁྱོལ་བཅས་ལ་དོ་སྣང་བྱེད་པ། རྩ་བ་བརྟན་གཏོང་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ཁྲིམས་སྐྱོང་གི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ནུས་པ་ལྡན་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་སྲིད་ཁྲིམས་ལས་དོན་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་ངོ་བོའི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱས་ནས། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་དུ་བྱེད་པ། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་དེ་ལས་འགན་ཨང་དང་པོར་བརྩི་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དུས་རྒྱུན་ནས་སྤེལ་བ་དང་གཞི་རིམ་དུ་སྤེལ་བ། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ། རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་འགལ་ཟླ་གཞི་རིམ་དང་ཐོན་མ་ཐག་ནས་སེལ་གང་ཐུབ་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ནུས་ལྡན་བཅས་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་། མི་འདང་ས་འཚོལ་ཞིབ། ཞན་ཆ་སེལ་བ་བཅས་བྱེད་པ། དངོས་འཐབ་ཕྱོགས་སྟོན་དུ་འཛིན་པ་དང་གོ་ཆོད་རྩ་དོན་དུ་འཛིན་པ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ལྷག་པར་བཞིའི”ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས་ཀྱིས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་བྱས་རྗེས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ། རྙོག་འཛིང་ཆེ་བའི་ཁོར་ཡུག་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། འདེམས་སྒྲུག བཀོལ་སྤྱོད་བཅས་བྱས་ནས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་སྲིད་ཁྲིམས་དམག་ཧྲག་ཅིག་གསོ་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།