ཚེས་27ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། སྲིད་གཞུང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་སློབ་སྦྱོང་སྤེལ་རེས་དང་དོན་འཁྱོལ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཡོད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏིང་ཟབ”མངོན་གསལ་དོད་པོ་ཡོང་བར་བྱས་ནས་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་དགོངས་དོན་གྱི་ངོ་བོ་ཁོང་དུ་ཏན་ཏིག་ཆུད་པར་བྱེད་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། དཔེ་སྟོན་གྱི་མིག་དཔེ་ཡག་པོ་ཞིག་བྱེད་པ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན། སྲིད་གཞུང་ཁོངས་གཏོགས་ཀྱིས་ཇི་ལྟར་བྱེད་པ་དང་ཇི་ལྟར་སྒྲུབ་པ”བཅས་ཀྱི་སློབ་སྦྱོང་ཆེ་མོ་དང་གྲོས་བསྡུར་ཆེ་མོའི་བྱེད་སྒོ་རང་འགུལ་འཆར་འགོད་དང་སྤེལ་དགོས། “ཤེས་རྟོགས”མངོན་གསལ་དོད་པོ་ཡོང་བར་བྱས་ནས་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་སྲོག་ཤིང་གི་སྟོབས་ཤུགས་ལ་གོ་བ་ཏན་ཏིག་ལེན་དགོས་ཤིང་། དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང“གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”བློ་ལ་བརྟན་པོར་འཆང་བ་དང་། ཁྲག་རྒྱུན་ནང་མཉམ་འདྲེས་ཐུབ་པ། བྱ་སྤྱོད་ཐོག་དོན་འཁྱོལ་བཅས་བྱེད་དགོས། དུས་རབས་གསར་པའི་ལོ་བཅུའི་ཏང་དང་རྒྱལ་ཁབ་དང་ལྷག་པར་དུ་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་བརྩེ་སེམས་དང་། རྒྱལ་སྟོབས་སྤེལ་འདུན། རྒྱལ་དྲིན་གསོལ་སྤྱོད་བཅས་ལ་སྐུལ་སྤེལ་གཏོང་དགོས། “ཏན་ཏིག”མངོན་གསལ་དོད་པོ་ཡོང་བར་བྱས་ནས་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་། སྲིད་གཞུང་ཏང་ཙུའི་ཚན་ཁག་གིས་སྣེ་འཁྲིད་དེ་དངོས་སྒྲུབ་ལག་ལེན་བསྟར་བར་འབད་བརྩོན་བྱེད་པ་དང་། ལྗོངས་བབ་ལ་གཞི་ཚུགས་པ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་གི་སྤྲོ་སེམས་དེ་ལས་ཀའི་སྤྲོ་སེམས་སུ་བསྒྱུར་བ་དང་། སློབ་སྦྱོང་ཁྲོད་གོ་སྐབས་འཚོལ་བ་དང་། སྲིད་ཇུས་འཚོལ་བ། བྱ་ཐབས་འཚོལ་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ནད་ཡམས་ཚོད་འཛིན་དང་། བརྟན་པོའི་ངང་འཕར་རྒྱུར་མུ་མཐུད་ཤུགས་རྒྱག་པ། སེམས་ནུས་ཡོད་རྒུས་ཉེན་ཁ་སྔོན་འགོག སེམས་ནུས་གཅིག་སྒྲིལ་གྱིས་དམངས་འཚོར་ཕན་འདོགས་པ་བཅས་བྱེད་དགོས། “ནན་པོ”མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སློབ་སྦྱོང་ལ་དམ་འཛིན་བྱས་ནས་སྒྲིག་ཁྲིམས་སྒྲིག་ལམ་ནན་དུ་ཏན་ཏིག་གཏོང་དགོས་ཤིང་། ཏང་གི་སྒྲིག་ཡིག་སློབ་སྦྱོང་ནན་ཏན་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ཏེ་རྩ་བའི་དགོངས་གཞི་ནན་པོར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་ཡོང་བར་ཤུགས་སྣོན་རྒྱག་དགོས། བློ་གཅིག་སེམས་གཅིག་གིས་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བར་དམིགས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་མིག་སྔའི་དཀའ་ངལ་སེལ་བའི་སྲིད་ཇུས་ཁག་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། སྲིད་གཞུང་གི་ཏང་ཙུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་འཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཇུས་འགོད་བྱས་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་ཡོང་བ་བྱེད་དགོས།
ཚོགས་འདུའི་ཐོག་སྲིད་གཞུང་ཚན་ཁག་གི་ཁོངས་མིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་གཏམ་བཤད་གནང་བ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན་ཟུར་ཞུགས་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།