དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-29

    བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བོད་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    ཚེས་26ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བཅས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་བ་དེའི་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་པ་དང་། རང་རེའི་ཏང་འདི་ཉིད་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཡར་ཐོན་གོང་འཕེལ། འབད་འབུངས་ཡར་བརྩོན་བཅས་ཡིན་པ་གང་ལེགས་མཚོན་པས། ཏང་ཡོངས་ཀྱིས་མུ་མཐུད་གཅིག་གྱུར་གྱི་བསམ་བློ་དང་། བློ་རྩ་བརྟན་པོ། མཐུན་སྦྱོར་གྱི་བྱ་སྤྱོད། འཐབ་ནུས་ཆེན་པོ་བཅས་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་བའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ལ་ཤུགས་རྒྱག་པ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་ཤུགས་བརྒྱབ་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཁག་གོམ་སྟབས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་ལ་སྔར་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་སྲུང་སྐྱོང་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཆེ་ཤོས་དང་། སྤྱི་ཡོངས་ཆེ་ཤོས། “རྒྱལ་ཁབ་ཀྱི་དོན་ཆེན”ཆེ་ཤོས་བཅས་ལ་བརྩིས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། བྱ་སྤྱོད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། སྲུང་སྐྱོང་གི་ཕན་འབྲས་ལ་འགན་ལེན་བཅས་བྱེད་དགོས། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བར་བྱེད་པ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། རང་རྟོགས་ངང་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་རིགས་མཐའ་གཅིག་ཏུ་མི་བྱེད་པ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། གོ་བ་ལོན་པ། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་དགོས། བརྒྱུད་བསྒྲགས་དང་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་སློབ་སྦྱོང་གཏིང་ཟབ་དང་། གོ་བ་གཏིང་ཟབ་ལེན་པ། སྦྱངས་པ་གོ་ཆོད་བཅས་ཀྱི་མིག་དཔེ་བསྟན་ཏེ་སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་ཟབ་མོ། དོན་འཁྱོལ་བཅས་བྱེད་དགོས། དོན་དངོས་དང་། འཚོ་བ། མང་ཚོགས་བཅས་དང་ཉེ་བཅར་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁྲིད་སྟོན་དང་། དཔེ་སྟོན། སྐུལ་སྤེལ་བཅས་ཀྱི་ནུས་པ་ལེགས་པར་སྤྱོད་པ་དང་། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་ལ་བརྟེན་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་ཇུས་གཞི་ཞིབ་ཚགས་བཟོ་བ། རྐང་འཛིན་སྟོབས་ཤུགས་སྐོང་འཐེན་བྱས་ནས་སྒྲོག་འགྲེལ་དཔུང་ཁག་འཛུགས་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དངོས་དང་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས། སྨྱན་སྦྱོར་ཁག་གིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་བྱེད་ཐབས་ཞིབ་ཕྲ་དང་བྱ་སྤྱོད་དངོས་ཕྱོགས་ཡོངས་དང་གནད་འཁེལ་དང་། གཏིང་ཟབ་པ། གསོན་ཉམས་དོད་པ་བཅས་ཀྱི་སྒོ་ནས་དྲིལ་བསྒྲགས་དང་གནས་ཚུལ་འགོད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སློབ་སྦྱོང་དང་ལག་ལེན་དངོས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་གཅིག་སྡུད་ཀྱིས་མཚོན་པར་བྱས་ཏེ། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ཀྱི་ཚ་རླབས་མགྱོགས་མྱུར་འཕྱུར་ནས་བློ་སེམས་འགུགས་ཤུགས་དང་། གོང་བུ་སྒྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་འབད་འབུངས་ཀྱིས་རྒྱང་ལམ་གསར་པར་སྐྱོད་པའི་ཁོར་ཡུག་བཟང་པོ་ཤུགས་ཆེན་སྐྲུན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་རིམ་ཁག་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང(སློབ་གྲྭ)གི་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ནང་དོན་གཙོ་བོར་བཟུང་སྟེ། སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་ཞིབ་ཚགས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་ཀྱི་ཆེད་དོན་བཀོད་སྒྲིག དགེ་རྒན་གྱི་སྟོབས་ཤུགས་བཀོད་སྒྲིག་གང་ལེགས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསོ་སྦྱོང་དང་རེས་སྐོར་སྦྱོང་བརྡར་གྱི་ལས་ཀར་དམ་འཛིན་གང་ལེགས་བཅས་བྱས་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་ཡོངས་དང་རྒྱ་ཆེའི་ཏང་ཡོན་ཡོངས་ལ་ཁྱབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་ལ་ལྷག་བསམ་མཐའ་གཅིག་ཏུ་འཆང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཆེ་རུ་བཏང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་དང་བླང་བྱ་དང་ནན་ཏན་བསྡུར་ཏེ། “དོན་ཆེན་བཞིར”དམ་འཛིན་དང“འཛུགས་གཏོད་བཞིར”དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྔར་བས་ཞིབ་ཚགས་དང་། དོན་དངོས། ཞིབ་ཕྲ་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལས་དོན་ལ་སྤྱི་འདོམས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། ལག་བསྟར་དོན་འཁྱོལ་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “འགག་རྩའི་ཉུང་ཤས”ཤིག་ཡིན་པའི་འགོ་ཁྲིད་ལས་བྱེད་པ་ཚོས་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ་མཐའ་འཁྱོངས་ཀྱིས། སྣེ་ཁྲིད་དེ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས། རང་གཅུན་ནན་པོ་དང་། ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ། རང་འཁྲིའི་ལས་འགན་ནན་པོ་འཁུར་བ་བཅས་བྱས་ཏེ་སྒྲིག་ཁྲིམས་སྲུང་བ་དང་སྒྲིལ་ལམ་ལ་སྣང་ཆེན་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་སོགས་ཀྱི་ཐད་ཚད་རྟགས་འཛུགས་པ་དང་མིག་དཔེ་སྟོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང་། འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་དོན་ཆེན་སྒྲུབ་མཁས་པོ་བྱས་ནས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་དང་ཚན་རིག་དང་མཐུན་པའི་ངང་གནད་སྨིན་དོན་འཁྱོལ་མཐར་ཕྱིན་ཐུབ་པ་བྱེད་དགོས། གཞུང་དྲང་སྤྱོད་གཙང་དང་། གཞུང་དྲང་རང་ཚུགས་ཟིན་པ། སྤྱོད་གཙང་རང་སྲུང་བྱེད་པ། སེམས་ལ་ཞེད་ས་ཡོད་པ། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་ཀྱི་སྒོ་ནས། དཔེ་བཟང་གིས“མིག་དཔེ་དྲུག”ལག་ལེན་བསྟར་བ་དང་། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར“ངེས་པར་དུ་བརྒྱད”སྒྲུབ་ཐུབ་པའི་སྐུལ་ཁྲིད་བྱེད་པ། བོད་སྐྱོང་བ་དང་། བོད་བརྟན་ལྷིང་ཡོང་བ། བོད་དར་རྒྱས་གཏོང་བ་བཅས་ཀྱི་བྱ་གཞག་ཁྲོད་གདོང་ལེན་པ་བྱེད་པ་དང་། མིག་དཔེ་སྟོན་པ། བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།