དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲོས་བསྡུར་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-21

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནི་གཟིགས་རྒྱང་རིང་བ་དང་། སྤྱི་ཡོངས་ལ་གཅིག་འདོམས། གཞུང་འཁྱོངས་གསར་འབྱེད། དམ་པ་དོན་གཉེར་བཅས་ཡིན་པས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དང་རྩ་ཆེའི་ཉམས་མྱོང་གང་ལེགས་མངོན་པ་དང་། དེང་སྐབས་འཛམ་གླིང་དང་ཀྲུང་གོའི་འཕེལ་རྒྱས་འགྱུར་ལྡོག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བཏོན་པའི་བླང་བྱ་གསར་པ་མངོན་པ། ལོ་བརྒྱའི་ཏང་ཆེན་པོ་ཞིག་གི་ལོ་རྒྱུས་ཀྱི་རང་འགུལ་དང་འཐབ་ཇུས་ཀྱི་ངེས་ཤུགས་མཚོན་པས། དེར་བསམ་བློའི་རང་བཞིན་དང་། སྔ་བལྟས་ཕྱི་བསམ་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཞིང། དེ་ནི་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་། སེམས་ནུས་གཅིག་སྒྲིལ། སྔ་འཛིན་ཕྱི་གཏོད། སེམས་ཤུགས་རབ་འཕེལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་དང་། རང་རེའི་ཏང་གིས་རྒྱང་སྐྱོད་ལམ་བུ་གསར་པ་འབྱེད་པ་དང་ལེའུ་གསར་པ་རྩོམ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག བདེན་དོན་གྱི་གཟི་འོད་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་བཅས་ཡིན་པས། ངས་དེར་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་ཡང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ལོ་བཅུའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་གྱི་གྲུབ་འབྲས་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བས། མཐུན་སྒྲིལ་འབད་འཐབ་ཀྱི་སྲོག་ཤིང་དང་རླབས་ཆེན་བྱ་གཞག་ལ་གྲུབ་འབྲས་ཐོབ་པར་ལམ་སྣེ་འཁྲིད་མཁན་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པས། བསམ་བློར་རྟེན་ས་དང་བྱ་སྤྱོད་ལ་ཕྱོགས་སྟོན་བྱུང་བ་ར་འཕྲོད་གང་ལེགས་བྱུང་ཡོད། དུས་རབས་གསར་པར་རྒྱལ་ཡོངས་དང་བོད་ལྗོངས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་བྱུང་བ་ལས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲོག་ཤིང་ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས།

    དུས་རབས་གསར་པའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་ལས“ཟུང་འབྲེལ་གཉིས”དང“མཐའ་འཁྱོངས་དྲུག”གི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་ལས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོ་དང་བླང་བྱར་གོ་བ་གཏིང་ཟབ་ལེན་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཕྲད་པའི་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ལས“ངེས་པར་དུ་གསུམ”ལ་གོ་བ་གཏིང་ཟབ་ལེན་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་མཐུན་སྒྲིལ་འབད་འཐབ་མཐའ་འཁྱོངས་བྱེད་པའི་བསམ་བློའི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ཏང་ལ་ཐུག་ཡོད། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་གདེང་ཚོད་ཆེར་སྐྱེད་དང་། མཐུན་སྒྲིལ་འབད་འཐབ། འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་རྒྱལ་ཡོངས་དང་མཉམ་དུ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།