དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-02

    d3d16638-5738-4c20-8c75-8f1a96844954.jpg (1).jpg

    ཟླ་9ཚེས་30ཉིན་གྱི་སྔ་དྲོ། སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མེ་ཏོག་སི་རའི་དར་འཛར་སྲོང་སྐྱོར་གནང་བཞིན་པ།

    སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཐེངས་དགུ་པ་འཆར་ཉེའི་མཚམས་སུ། ཟླ་9ཚེས་30ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་ཕུལ་ཏེ། སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་ཞུས་པ་དང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ།

     འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།

    དྲན་གསོའི་རྡོ་རིང་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཀྱི་ཚོགས་པ་ཁག ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས། བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་བཅས་སོ་སོས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་དགུ་གྲལ་འགྲིག་པོར་བསྒྲིགས་ཡོད། བརྩེ་སེམས་ཟབ་པའི《མེ་ཏོག་འབུལ་བའི་རོལ་དབྱངས》དཀྲོལ་འགོ་བཙུགས་པ་དང་སྦྲགས་གུས་དམག་18ཀྱིས་མེ་ཏོག་སི་ར་ཡར་བཀྱགས་ཤིང་། གོམ་སྟབས་འགྲིག་པོས་རྡོ་བཀྱག་འཛེགས་ནས་རྡོ་རིང་མདུན་དུ་བསྐྱོད་དེ། མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་ཐོག་དལ་གྱིས་བཞག་པ་རེད།

    ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པས་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་ཐོག་དལ་གྱིས་ཕེབས་ཏེ། མེ་ཏོག་སི་རའི་མདུན་དུ་བཞེངས་ནས་མེ་ཏོག་སི་རའི་དར་འཛར་སྲོང་སྐྱོར་གནང་སྟེ། སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་ལུགས་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་པར་གནང་བ་རེད། ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ད་དུང་ཁུང་ཧྥན་སེན་སོགས་སྔོན་གཤེགས་དཔའ་བོའི་བང་སོར་མཇལ་དར་བསྒྲོན་པ་དང་མེ་ཏོག་སི་ར་ཕུལ་ནས་སྔོན་གཤེགས་དཔའ་བོའི་བང་སོར་མཇལ་ཁ་ཞུས་པ་རེད།

    མཛད་སྒོར་ཞུགས་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས། ངེས་པར་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་རླབས་པོ་ཆེ་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོའི་ཕུགས་འདུན་མུ་མཐུད་རྒྱུན་འཛིན་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།