དབུ་ཤོག>སྲིད་དོན།
  • ​ཝང་ཅུན་ཀྲེང་གིས་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གི་རུ་མི་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་བླ་ན་མེད་པའི་གུས་འདུད་ཞུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-01

      ཚེས་29ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གཅིག་དང་བཞུགས་མོལ་གནང་སྟེ། རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རྒྱབ་སྐྱོར་དང་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གི་རུ་མི་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། 

    640.jpg

    ཚོགས་ར།

      ཝང་ཅུན་ཀྲེང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་ནད་ཡམས་ཅུས་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་བོད་ཀྱི་ལས་དོན་ཚོགས་ཆུང་། པེ་ཅིང་དང་། ལེའོ་ཉིང་། ཅང་སུའུ། ཀྲེ་ཅང་། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། ཀན་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་སྨན་བཅོས་རུ་ཁག་གི་འགན་འཁུར་བློ་མཐུན་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་། རོགས་སྐྱོར་སྨན་བཅོས་རུ་ཁག་བོད་དུ་སྡོད་རིང་གི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་དང་བཀའ་འདྲི་གནང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ཚང་མའི་བསམ་འཆར་དང་གྲོས་འགོ་ནན་ཏན་གསན་པ་རེད། 

    640 (1).jpg

    ཚོགས་ར།

      ཝང་ཅུན་ཀྲེང་གིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། རིམས་ནད་ཐོན་ཚུན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བོད་ཀྱི་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་ཞིབ་ཕྲའི་འོག བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ནུས་ཤུགས་ཡོད་རྒུས་རོགས་རམ་དང་མགྱོགས་མྱུར་རོགས་སྐྱོར་དུ་སླེབས་པ་དང་། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཛ་དྲག་ངང་བྱ་སྤྱོད་སྤེལ་བ་དང་ནུས་ཤུགས་ཡོད་རྒུས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། ང་ཚོས་དམག་འཐབ་དྲག་པོ་འདི་ལས་རྣམ་པར་རྒྱལ་བའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་རིམས་ནད་ཀྱི་འགོག་སྲུང་འཛིང་རགས་ཉིན་རེར་བརྟན་དུ་སོང་བས། རིམས་འགོག་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། 

    640 (2).jpg

    ཚོགས་ར།

      ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྨན་བཅོས་རུ་མིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་ལས་ཀ་དང་འཚོ་བར་འགན་ལེན་ཡག་པོ་བྱས་ཏེ། ཚང་མ་སྙིང་སྟོབས་ཀྱིས་ཁེངས་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞུགས་ཐུབ་པར་བྱེད་དགོས། རོགས་སྐྱོར་སྨན་བཅོས་རུ་ཁག་གི་རིམས་འགོག་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ནས། རང་ལྗོངས་ཀྱི་སྨན་དོན་མི་སྣའི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། 

      ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས“ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས། ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་ལག་ལེན། ཚོད་འཛིན་དང་སྔོན་འགོག་ནན་པོ། རིམས་ནད་མཐའ་གཅིག་ཏུ་ཡང་བསྐྱར་མ་ཐོན་སྔོན་འགོག་བཅས་བྱས་ཏེ། ལས་སླ་པོར་བྱུང་བ་ཞིག་མ་ཡིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།