
ཟླ་9ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྣེའུ་ཁུལ་གསར་དུ་ཕེབས་ཏེ། ཁྲོམ་གཞུང་དང་། གྲོང་ཚོ་ཨུ་ལྷན། ལས་ཡུལ། ཚོང་ཁང་བཅས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་ཚོགས་ཆུང་ལྔ་པའི་ཤན་ཁ་ཡུག་ཁུལ་གྱི་གྲོང་མི་དང་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་དང་བཀའ་འདྲི་གནང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་གྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོའི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་རིམས་ནད་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།
ཟླ་9ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྣེའུ་ཁུལ་གསར་དུ་ཕེབས་ཏེ། ཁྲོམ་གཞུང་དང་། གྲོང་ཚོ་ཨུ་ལྷན། ལས་ཡུལ། ཚོང་ཁང་བཅས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ལྷ་ས་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་དང་ཆད་ལུས་མེད་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བའི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ། རིམས་ནད་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བཅས་བྱས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཁུལ་ཆུང་རྙིང་པ་དང་། སྡོད་ཁང་སྐྱོ་ཁུལ། གྲོང་ཁྱེར་ནང་གི་གྲོང་ཚོ་བཅས་གཅིག་འདུས་ཆེ་བ་དང་། མང་ཚོགས་ཀྱི་བོགས་གཏོང་ཁང་པ་མང་པོ་ཡོད་པ། སྡོད་གནས་གུ་དོག་པ། རྨང་གཞིའི་སྒྲིག་བཀོད་ཞན་པ། ཞབས་ཞུའི་འགན་ལེན་ནུས་པ་མི་འདང་བ་བཅས་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། ཝང་ཅུན་ཀྲེང་ཀརྨ་དགོན་གསར་ཁྲོམ་གཞུང་ཀརྨ་དགོན་གསར་སྡེ་ཁུལ་དུ་ཕེབས་ཏེ། འགག་སྒྲོལ་བྱ་སྤྱོད་ཀྱི་གནས་ཚུལ་མཁྱེན་རྟོགས་དང་དཀའ་ངལ་ཡོད་པའི་གནད་དོན་བཀའ་འདྲི་གནང་བ་དང་འབྲེལ། འགན་གཙང་འགན་ལེན་གྱི་ལས་བྱེད་པ་དང་གཞི་རིམ་གྱི་རིམས་ནད་འགོག་མཁན་ལ་གཟིགས་པ་རེད། ཁྲོམ་གཞུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་འཕེལ་ཕྱོགས་ཡག་པོ་ཡོད་པ་མཁྱེན་སྐབས། ཝང་ཅུན་ཀྲེང་གིས་གསུངས་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ནི་ལས་བྱེད་པའི་སྤྱོད་ཚུལ་གྱི་ཚོད་བགམ་དངོས་ཡིན་པས་དོན་འཁྱོལ་ཡག་པོ་བྱུང་བ་དང་འཕེལ་རིམ་མྱུར་པོ་བྱུང་ཚེ། སྤྱོད་ཚུལ་གྱི་ཉམས་སད་ཐེག་ཐུབ་པའི་ཕན་འབྲས་ཆེན་པོ་ཐོན་ཐུབ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཡིག་རྒྱུགས་ཆེན་པོའི་ནང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་བྱེད་པ་དང་ལས་དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་ནུས་པ་དང་ཆུ་ཚད་ལ་ཞིབ་བཤེར་བྱེད་དགོས། རྔ་ཆེན་ཁྲོམ་གཞུང་པི་ཀུའེ་ཡོན་ཁུལ་ཆུང་དང་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་ཚོགས་ཆུང་ལྔ་པའི་ཤན་ཁ་ཡུག་ཁུལ་དུ་ཝང་ཅུན་ཀྲེང་གིས་གྲོང་མི་མང་ཚོགས་ཀྱི་འཚོ་བར་དོ་ཁུར་དང་བཀའ་འདྲི་གནང་ནས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་དགོས་པ་དང་ལས་ཀར་གནད་དོན་གང་ཞིག་འཕྲད་ཚེ་མགྱོགས་མྱུར་ཐག་གཅོད་བྱེད་པ་དང་། མང་ཚོགས་ལ་དཀའ་ངལ་གང་ཞིག་ཡོད་ཚེ་དེ་སེལ་བར་ཤུགས་རྒྱག་པ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ། རང་སར་མི་བཞག་དང་མི་སར་རང་སྡོད་པ་དང་སེམས་ནུས་ཡོད་རྒུས་ལུགས་དང་མཐུན་པའི་རེ་འདུན་སྐོང་རོགས་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།
སྣེའུ་ཁུལ་གསར་གྱི་ས་འོག་མདོང་ལམ་སྒྱུར་བཀོད་ལས་གྲྭ་སླར་གསོ་བྱུང་ཞིང་། ཝང་ཅུན་ཀྲེང་ལས་ཡུལ་དུ་ཕེབས་ཏེ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། “བཟོ་པ་ཚོའི་འཚོ་བ་འགན་ལེན་ཇི་ལྟར་བྱེད་པ”དང“བཀག་སྡོམ་བྱེད་རིང་གི་གླ་ཕོགས་ཇི་ལྟར་སྤྲོད་པ”ལ་སོགས་ཝང་ཅུན་ཀྲེང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཞིང་པ་ལས་མིའི་ཞབས་ཞུའི་འགན་ལེན་ལས་དོན་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། ཁོང་གིས་ཞིང་པ་ལས་མི་ནི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་ཡག་པོ་བྱས་ཏེ། ཁོང་ཚོས་དྲང་གཞག་དྲང་བདེན་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཚོར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། སྣེའུ་ཁུལ་གསར་ཅིན་ཏུན་ཡོན་ཁུལ་ཆུང་དུ་ཝང་ཅུན་ཀྲེང་གིས་ལས་དོན་པ་དང་ཚོང་ཁང་གི་འགན་འཁུར་བ་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཁོང་གིས་རིམ་ཁག་སྡེ་ཚན་ཁག་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་དང་། སྤྱི་ཚོགས་ཕྱོགས་ཁག་གིས་བཀག་སྡོམ་གློད་ཀྱང་ཉེན་ཟོན་ལ་ལྷོད་གཡེང་བྱ་མི་རུང་བ་དང་ལྷུག་ཏུ་བཏང་ཡང་ལྷོད་གཡེང་བྱ་མི་རུང་བར་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ཐུན་མོང་ཐོག་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། གྲོང་ཁྱེར་གྱི་འཆར་འགོད་དོ་དམ་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གྱི་བྱེད་ནུས་བཀོད་པ་ལེགས་སུ་གཏོང་བ། ཚད་གཞི་མཐོ་བའི་སྒོ་ནས་གྲོང་ཁུལ་རྙིང་པ་དང་། ཁུལ་ཆུང་རྙིང་པ། སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་སྤྱོད་གསང་སྤྱོད་དང་ཆུ་ལེན་ས་ཚིགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་གང་ལེགས་བཅས་བྱས་ནས། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་ཐོན་པ་ནས་བཟུང་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་འཕྲལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ནང་ཧུར་ཐག་ཞུགས་ནས། ཉིན་མཚན་མེད་པར་བརྟན་སྲུང་དང་བསྟུད་མར་འབད་འཐབ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ནང་རང་རྟོགས་ངང་སྦྱོང་བརྡར་ཐེབས་པ་དང་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས། ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས། འགན་འཁྲི་ཁ་གསལ་དང་། ཐོབ་ཐང་གསལ་སྟོན། མིག་དཔེ་སྟོན་པ་བཅས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་ཞབས་ཞུ་འགན་ལེན་དང་སློབ་གསོ་ཁྲིད་སྟོན་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།