དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-22

    ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རང་ལྗོངས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་སྒྱུར་བཅོས་ཀྱི་ནང་གནས་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་གནང་བ་དང་ཆབས་ཅིག་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་གནང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བར་ཆབ་སྲིད་རང་བཞིན་དང་། རིགས་པའི་གཞུང་ལུགས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དེས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ལྟ་བ་མཐའ་འཁྱོངས་དང་གནད་དོན་གྱི་འདུ་ཤེས་ཟབ་པོ་དང་གནད་དོན་གྱི་སྟོན་ཕྱོགས་ཁ་གསལ་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞི”ལ་དམིགས་པ་དང་། “འཛུགས་གཏོད་བཞི”ལ་ཤུགས་སྣོན་རྒྱག་པ། མིག་སྔར་གཞི་ཚུགས་པ། ཕུགས་ལ་དམིགས་པ། རྨང་གཞི་བརྟན་དུ་གཏོང་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པ། ཉམས་མྱོང་ཕྱོགས་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། སྤྱོད་གོ་ཆོད་པའི་བྱེད་སྟངས་དེ་དངོས་སྒྲུབ་གོ་ཆོད་ཀྱི་ལམ་ལུགས་ཤིག་ཆགས་པར་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ་སྟེ།

    གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་ཤིང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་གཙོ་གནད་རྫོང་དུ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་སྒྱུར་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་སྟེ། སྤྱི་པའི་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་གྱི་སྔོན་འགོག་དང་ཚོད་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྔོན་འགོག་གཙོ་བོར་འཛིན་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་སོགས་ཀྱི་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞན་ཆ་སེལ་བ་དང་། སྐྱོན་ཆ་གསབ་པ། ཞན་ཆ་ལེགས་གཏོང་བཅས་བྱས་ཏེ། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་གལ་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

    འཕྲལ་སྡོམ་དོ་དམ་མ་ལག་དང་འཕྲལ་སྡོམ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས་ཤིང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལེབ་སྙོམས་ཅན་གྱི་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཏན་འཁེལ་བྱས་ཟིན་པའི་ལས་ཀའི་ལམ་སྲོལ་དང་ལས་ཀ་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས། ལམ་སྲོལ་ཁག་དང་བྱེད་ཐབས་ཁག་ཚན་རིག་དང་མཐུན་ཞིང་མགྱོགས་ལ་གནད་སྨིན་ནུས་ཆེ་ཡོང་བར་བྱེད་དགོས།

    མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ཏེ་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཤིང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་དང་མི་དམངས་ཀྱི་ཆེད་དུ་གྲོང་ཁྱེར་ཡག་པོ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་འཆར་འགོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་བྱེད་ནུས་དང་བཀོད་པ་ལེགས་སུ་གཏོང་བ། གྲོང་ཁུལ་རྙིང་པ་དང་། ཁུལ་ཆུང་རྙིང་པ། སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་ལ་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་གྱི་ཞན་ཆ་ཐག་གཅོད་ཏན་ཏིག་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་བཀོད་པ་རྒྱ་སྐྱེད་རྣམ་པ་ནས་ནང་དོན་ལེགས་གཏོང་རྣམ་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་སྡེ་ཁུལ་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཧྲིལ་པོ་དང་འཐབ་ནུས་ཀྱི་རྨང་གཞི་རེད། གཞི་རིམ་གྱི“ཏང་ཀྲི་པུའུ་དང་། དྲ་མིག་ཅན། གཉིས་ལྡན་དུད་སྦྲེལ་བཅས་ཟུང་དུ་འབྲེལ་བའི”དོ་དམ་ཞབས་ཞུ་སྒྲུབ་སྟངས་ཟམ་མི་ཆད་པར་ལེགས་སུ་བཏང་ནས། ལས་གནས་བཀོད་སྒྲིག་དང་ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ་དང་། དཔྱད་ཞིབ་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བྱེད་པོའི་འགན་འཁྲི་དམ་ནན་དུ་གཏོང་བ་བཅས་བྱས་ནས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་། གནད་དོན་གཞི་རིམ་དུ་ཐག་གཅོད། མི་སེམས་གཞི་རིམ་དུ་གཅིག་སྒྲིལ་བཅས་བྱེད་དགོས།

    སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོར་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། ལས་ཀའི་སྤྱོད་ཚུལ་གྱིས་ལས་ཀའི་ཕན་འབྲས་གཏན་འཁེལ་ཐུབ་པ་དང་ལས་ཀའི་ཕན་འབྲས་ཀྱིས་ལས་ཀའི་སྤྱོད་ཚུལ་ལ་ཞིབ་བཤེར་ཐུབ་ཀྱི་ཡོད། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ། སྒྱུར་བཅོས་བྱ་ཐབས་ལ་བརྟེན་ནས་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་གནད་སྨིན་ཤེས་རྟོགས་དང་འབྲེལ་ཐག་གཅོད་བྱེད་དགོས། གོ་གནས་སྤོར་གཅོག་གཉིས་ཀ་ཡོད་པའི་མི་སྣ་འདེམས་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། འཇོན་པའི་གོ་གནས་སྤོར་བ་དང་། ཕུལ་བྱུང་ལ་བྱ་དགའ་སྤྲོད་པ། མི་འཇོན་པའི་གོ་གནས་འབེབས་པ། ཐ་ཞན་ཕར་འབུད་བྱེད་པ་བཅས་ཀྱི་མི་སྤྱོད་ཕྱོགས་སྟོན་གྲུབ་རྒྱུར་སྐུལ་འདེད་བཏང་ནས་སྤྱོད་ཡོན་གཉིས་ལྡན་དང་། ལྷག་བསམ་ཟོལ་མེད། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས། སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་ཟབ་གཏོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ“འགོ་ཁྲིད་ཨང་དང་པོའི”འདུ་འགོད་ཅིག་ལ་བརྩིས་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། ཐག་གཅོད་བྱེད་ཕོད་པ། མཁྲེགས་སར་གཏུག་ཕོད་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ“དཀའ་བ་དང་དུ་ལེན་ཕོད་པའི”སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་དགོས། དོན་དངོས་ལ་གཞི་ཚུགས་པ་དང་། གཞི་རིམ་དུ་སྐྱོད་པ། མང་ཚོགས་ཁྲོད་སྐྱོད་པ་བཅས་བྱས་ཏེ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་། ཁོང་དུ་ཆུད་པ། ཞིབ་འཇུག་དང་ཐག་གཅོད་ཧུར་ཐག་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་གནད་ས་སྒྲོལ་བ་དང་། འགག་ས་གཤོང་བ། དཀའ་གནད་སེལ་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སེལ་བ། སྡེབ་གཅིག་ལ་སྐུལ་འདེད་གཏོང་བ་དང་སྡེབ་གཅིག་ཏུ་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་སྲོལ་ཧུར་ཐག་ཆགས་པ་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས།


    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།