དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-18

    ཚེས་14དང་ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཀརྨ་དགོན་གསར་ཁྲོམ་གཞུང་གཅིག་འཛུགས་སྡེ་ཁུལ་དང་ཀརྨ་དགོན་གསར་སྡེ་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་མ་ཟད།ད་དུང་ས་གནས་ས་ཐོག་ཏུ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཡུས་ཞུའེ་ཅུན་དང་དགོངས་འཆར་བརྗེ་རེས་གནང་བ་རེད།

    གཅིག་འཛུགས་སྡེ་ཁུལ་གྱི་དྲ་མིག་དང་པོའི་རྨེ་རུ་བོགས་གཏོང་སྡོད་ཁང་དུ་བློ་བཟང་རྒྱལ་མཚན་གྱིས“ཚང་མ་སྐུ་ལས་ཁག་སོང་། ཉིང་སྐྱུར་བརྟག་དཔྱད་བྱས་ཡོད་དམ” “འཚོ་བའི་ཐད་དཀའ་ངལ་ཅི་ཞིག་འདུག་གམ”ཞེས་རེ་རེ་བཞིན་བཀའ་འདྲི་གནང་བ་རེད། ཁོང་གིས་མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ་གནས་པས་ཚང་མས་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དུས་ངལ་མཉམ་སེལ་བཅས་བྱས་ཚེ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ཅེས་གསུངས་པ་རེད། ཁོང་གིས་འབྲེལ་ཡོད་ལས་དོན་མི་སྣར་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་བདེ་སྡུག་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་ལན་འདེབས་པ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ཀརྨ་དགོན་གསར་སྡེ་ཁུལ་གྱི་རུང་ཀྲི་ཧུའེ་སྨན་རྫས་ཚོང་ཁང་གི་ས་ཚིགས་དང་ཀརྨ་དགོན་གསར་སྡེ་ཁུལ་ཨུ་ཡོན་ལྷན་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་བྱ་ཐབས་ནུས་ལྡན་སྤྱད་པ་དང་ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་རྒྱུན་ལྡན་གྱི་སྨན་བཅོས་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཉིན་ཤས་གོང་བློ་བཟང་རྒྱལ་མཚན་གྱིས་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་བཀག་སྡོམ་ཚོད་འཛིན་ནན་པོ་དང་མཐའ་གསལ་མཐིལ་རྟོགས་བྱས་ཏེ་ཉིང་སྐྱུར་དཔེ་ལེན་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ནས་རིམས་ནད་འབྱུང་རྩ་ནས་མཆེད་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁམས་ལ་ཁྲིད་སྟོན་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བཅས་བྱེད་དགོས། སྤྱོད་ཚུལ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། འགན་འཁྲི་ནན་དུ་བཏང་སྟེ་ལས་འགན་རེ་རེ་དོན་འཁྱོལ་ཞིབ་ཚགས་ཀྱིས་ཀརྨ་དགོན་གསར་ཁྲོམ་གཞུང་གི་སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་གང་མགྱོགས་ཡོང་བ་བྱས་ཏེ་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།