དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྷ་སའི་གཞི་རིམ་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-09-16

    p35_s.jpg

    ཚེས་13ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉེན་ཁ་ཆེ་བའི་སྡེ་ཁུལ་དང་ལོགས་བཀར་བྱ་ཡུལ་སོགས་སུ་ཕེབས་ཏེ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་དུ་གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བཞིན་པ།

    ◆ ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། ལས་ཀའི་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ། ལས་ཀའི་ཞན་ཆ་སེལ་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    ཚེས་13ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉེན་ཁ་ཆེ་བའི་སྡེ་ཁུལ་དང་། ལོགས་བཀར་བྱ་ཡུལ། ཕན་བདེ་ཁང་སོགས་སུ་ཕེབས་ཏེ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། མིག་སྔར། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། བསམ་བློ་དང་བྱ་སྤྱོད་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ལས་ཀའི་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ། ལྷག་པའི་གནད་དོན་ལ་དམིགས་ནས་ལས་ཀའི་ཞན་ཆ་སེལ་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། རྡོ་རྗེ་ཚེ་སྒྲུབ་བཅས་ཞུགས་པ་རེད།

    ལྷ་སའི་གྲོང་ཁུལ་གཙོ་བོ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། ཝང་ཅུན་ཀྲེང་གིས་ཆེད་མངགས་ཀུན་བདེ་གླིང་ཁྲོམ་གཞུང་ལྷ་ཀླུ་སྡེ་ཁུལ་དང་གྲྭ་བཞི་ཁྲོམ་གཞུང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་དུ་ཕེབས་ཏེ། གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་མ་ཟད། སྡེ་ཁུལ་གྱི་བསྒྱུར་འདྲེན་དང་། མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན། སེམས་ཁམས་ཁྲིད་སྟོན་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཝང་ཅུན་ཀྲེང་གིས་གསུངས་དོན། དུས་མཚམས་དེའི་རིང་ཚང་མས་དཀའ་ངལ་ལ་མི་སྐྲག་པར་བསྟུད་མར་དམག་འཐབ་དང་། རིམས་འགོག་གི་འཐབ་ས་དང་པོ་བརྟན་སྲུང་། གྲོང་ཁྱེར་གྱི་ས་ཆ་ཚང་མ་སྲུང་སྐྱོང་བཅས་བྱས་ནས། མང་ཚོགས་ཀྱི་དུས་བདེ་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འགག་རྩའི་དུས་སུ་ཡིད་ཆེས་དེ་བས་བརྟན་དུ་གཏོང་བ་དང་དེ་བས་བློ་ཐག་ཆོད་པའི་བྱེད་ཐབས་ལ་བརྟེན་ནས་འགག་སྒྲོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་གཙོ་གནད་འགག་སྒྲོལ་དང་སྤྱི་ཚོགས་ཐོག་ནད་ཡམས་གཙང་བཟོ་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་ཁ་མ་ཐོབ་བར་རྒྱུན་འཁྱོངས་བྱེད་དགོས། བདག་པོའི་འདུ་ཤེས་བརྟན་པོ་བཙུགས་ནས། འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་དང། དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་འགན་འཁྲི་དེ་ལས་དོན་ཆུང་ཙག་ཁྲོད་དོན་འཁྱོལ་ཏན་ཏིག་བྱེད་པ། ཉེན་ཁ་ཡོད་པའི་གནས་དང་ཉེན་ཁ་ཡོད་པའི་མི་སྣ་ལོགས་བཀར་དང་ཚོད་འཛིན་ནན་པོ་བྱེད་པ། “ཀ་བེད་མར་མནན་ནའང་ཁར་གཡེང་བའི”གནས་ཚུལ་མཐའ་གཅིག་ཏུ་མི་ཐོན་པ་བཅས་བྱས་ནས། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་དགོས། རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་འགན་ལེན་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལེབ་སྙོམས་ཅན་གྱི་དོ་དམ་ལག་བསྟར་གྱིས་སྔ་བར་ཕྱི་གསུམ་དུ་ནུས་ཤུགས་ཡོད་རྒུས་སྟོབས་ཤུགས་སྣ་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་བཀོད་སྒྲིག་ནུས་ལྡན་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་ལས་དོན་ཁག་འབྲེལ་མཐུད་དམ་ཟབ་དང་། འཁོར་རྒྱུག་ནུས་ཆེ། ལག་བསྟར་ནུས་ལྡན་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྡེ་ཁུལ་གྱི་ལས་དོན་པ་དང་གཞི་རིམ་དུ་ལས་ཀ་བྱེད་མཁན་དང་དང་བླངས་པ་ཚོས་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོར་ཐོག་མཐའ་བར་གསུམ་དུ་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད་པར་ཝང་ཅུན་ཀྲེང་གིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང“ཁྱེད་ཚོ་དཀའ་ལས་ཁག་པོ་དེ་འདྲ་ཡོད་པ་མཐོང་སྐབས་ང་ཚོ་སེམས་ཀྱིས་བཟོད་ཀྱི་མི་འདུག ད་ལྟ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། རྒྱུན་འཁྱོངས་ཐུབ་ན་རྒྱལ་ཁ་ཐོབ་ངེས་རེད། ཚང་མས་དེ་བས་འབད་བརྩོན་དང་མཐའ་འཁྱོངས་བྱེད་པ་དང་ཨམ་གཙིགས་བསྡམས་ནས་ཀུན་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཉང་བྲན་ཁྲོམ་གཞུང་རིན་ཆེན་ཚལ་གྲོང་ཚོའི་དགེ་འོས་ཆེད་ཚན་སློབ་གྲྭའི་ཞོར་གཏོགས་སློབ་ཆུང་གི་ལོགས་འཇོག་བྱ་ཡུལ་དུ་རིམས་འགོག་མི་སྣས་གཙང་སྦྲ་དུག་སེལ་དང་གདུབ་ཟུམ་དོ་དམ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད། “ལོགས་འཇོག་བྱ་ཡུལ་དུ་སྨན་གང་དག་སྤྱོད་ཀྱི་ཡོད་དམ”དང“འཚོ་བ་འགན་ལེན་ཐད་དཀའ་ངལ་འདུག་གམ”ལ་སོགས་ཝང་ཅུན་ཀྲེང་གིས་ལོགས་འཇོག་བྱ་ཡུལ་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་དང་ཞབས་ཞུ་འགན་ལེན་དོན་འཁྱོལ་བྱས་ཚུལ་སྐོར་རེ་རེ་བཞིན་བཀའ་འདྲི་གནང་བ་རེད། ཁོང་གིས་གཅིག་སྡུད་ལོགས་འཇོག་བྱ་ཡུལ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མ་ཡིན་ལ་རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་པའི་འགོག་སྲུང་འཛིང་རགས་ཤིག་ཀྱང་ཡིན། གཅིག་སྡུད་ལོགས་འཇོག་བྱ་ཡུལ་གྱི་གདུབ་ཟུམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལོགས་འཇོག་བྱ་ཡུལ་གྱི་ལྷུ་ཚིགས་ཁག་གི་དོ་དམ་ཚོད་འཛིན་བྱེད་ཐབས་ལ་བསྐྱར་དུ་གྲལ་བཤེར་དང་། བསྐྱར་དུ་བརྟན་གཏོང་། བསྐྱར་དུ་དོན་འཁྱོལ་བཅས་བྱས་ཏེ། རིམས་ནད་ཕྱིར་མི་མཆེད་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ལས་བྱེད་པས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འཕྲད་པའི་དུས་བབ་དང་ལས་འགན་ཤེས་རྟོགས་གསལ་པོ་ཐུབ་པ་བྱས་ཏེ། ལེགས་ལྡན་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱེད་པ། སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། གཙོ་གནད་ས་ཁོངས་དང་གཙོ་གནད་ཁུལ་དུ་ཕྱོགས་ཡོངས་ནས་ཕར་རྒོལ་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ཁྲོམ་གཞུང་དང་སྡེ་ཁུལ་དབྱེ་ནས་རེ་རེ་བཞིན་འགག་སྒྲོལ་བྱེད་པ་དང་། གནས་སྦྲེལ་ཡུག་གྲུབ་དང་ཡུག་སྦྲེལ་ངོས་གྲུབ་ཀྱིས་ཆ་ཤས་ཀྱི་གཙང་བཟོར་བརྟེན་ནས་སྤྱི་ཡོངས་ཀྱི་གཙང་བཟོ་འགན་ལེན་བྱེད་པ་དང་། གནས་ཀྱི་གཙང་བཟོར་བརྟེན་ནས་ས་ཁོངས་ཧྲིལ་པོའི་གཙང་བཟོ་འགན་ལེན་བྱས་ཏེ། སྐབས་བསྟུན་གཙང་བཟོའི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་བ་བྱེད་དགོས། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས། འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་དང་འགན་འཁྲི་ཏན་ཏིག་འཁུར་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། འགོ་མཇུག་ཟབ་འཁྱོངས་དང་ལས་དོན་སྒྲུབ་མཁས་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ཏེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་མཐའ་གཅིག་ཏུ་ཐུབ་པ་བྱས་ནས། ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ལས་ཀའི་ནུས་པ་དང་ཆུ་ཚད་ལ་ཞིབ་བཤེར་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།