དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-12

    ◆ དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རིམས་འགོག་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པར་བྱེད་དགོས།

    ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གྲོལ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བཀོད་སྒྲིག་གནང་ཞིང་། ཁོང་གིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། “རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང་། “སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རིམས་འགོག་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བཅས་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས། མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ“ཆུ་བོའི་གྱེན་དུ་གྲུ་བཏང་ན་གྱེན་དུ་མ་ཕྱིན་ཕྱིར་བཤོལ་ཐེབས་པའི”འགག་རྩའི་དུས་སྐབས་སུ་གནས་པས་དུས་བབ་སྔར་བཞིན་ཛ་དྲག་པོ་དང་རྙོག་འཛིང་ཆེན་པོ་ཡོད། དེས་ན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ། ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་གཏོང་བ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མཇུག་འགྲིལ་དུས་འགོ་འཛུགས་དུས་ལྟར་རང་འགན་ནན་སྒྲུབ་བཅས་བྱས་ཏེ། ཆོད་སེམས་དེ་བས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་བྱེད་ཐབས་དེ་བས་ཏན་ཏིག་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་། རིམ་པ་དང་རིགས་དབྱེ་བ། སྤྱི་ཚོགས་ངོས་སུ་དོ་དམ་ཚོད་འཛིན་བྱེད་ཐབས་ཞིབ་ཕྲ་བཟོ་བ། ཉེན་ཁ་ཆེ་འབྲིང་ཆུང་གསུམ་གྱི་ཁུལ་དང་ལོགས་བཀར་ཁུལ་རིམ་པ་བཞིན་གཙང་བཟོ་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་པ། གཙོ་གནད་ཁུལ་དང་གཙོ་གནད་མི་སྣར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་དོ་དམ་ཚོད་འཛིན་གྱི་རིམ་པ་ལེགས་སྒྲིག་བྱེད་པ། བཀག་རྒྱ་གློད་དགོས་རིགས་གློད་པ་དང་བཀག་སྡོམ་བྱེད་དགོས་རིགས་བཀག་སྡོམ་བྱེད་པ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་བཀག་རྒྱ་ལྷུག་ཏུ་གཏོང་བ་བཅས་བྱས་ནས་བཀག་རྒྱ་གློད་ཀྱང་འགོག་ཟོན་བྱེད་མཚམས་མི་འཇོག་པ་དང་རིམས་འགོག་ལ་ལྷོད་གཡེང་མི་ཤོར་བ་བྱེད་དགོས། རིམས་ནད་གང་སར་མཆེད་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་དང་རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་བཙུགས་ཏེ། བོད་ནས་ཁ་བྲལ་བའི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་། ཆ་རྐྱེན་དང་མཐུན་པའི་མི་སྣ་བོད་ནས་ཁ་བྲལ་རྒྱུ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ། “གནད་ཀྱིས་གནད་ལ་དམིགས་པའི”གདུབ་ཟུམ་སྒྱུར་སྐྱེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རིམས་ནད་ཞིང་ཆེན་ཕྱི་དང་། ལྗོངས་ཕྱི། གྲོང་ཁྱེར་ཕྱི་བཅས་སུ་མ་མཆེད་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྒྲིལ་དང་བརྟན་ལྷིང་གི་ངར་ཤུགས་མཐའ་འཁྱོངས་བྱེད་པ། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དང་བྱེད་ཐབས་གསལ་འགྲེལ་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱིས་དོ་ཁུར་བྱས་པར་དུས་ཐོག་ཏུ་ལན་འདེབས་པ་བཅས་བྱས་ནས་རིམས་འགོག་གི་དྲང་ནུས་གཅིག་ཏུ་སྒྲིལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་ཡུལ་བབ་དང་བསྟུན་ཏེ་སྤྱི་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་པ་ཧུར་ཐག་བྱེད་དགོས། “རིམས་ནད་འགོག་ཐུབ་པར་བྱེད་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ། འཕེལ་རྒྱས་བདེ་འཇགས་ལྡན་པར་བྱེད་པ”བཅས་ཀྱི་བླང་བྱ་ལྟར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་དོན་དངོས་ལ་གཞིགས་ཏེ་རིགས་དབྱེ་ཇུས་བསྟར་གྱིས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་པར་བྱེད་དགོས། དམངས་འཚོ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་འགན་ལེན་བྱེད་པ་དང་། གྲོང་མིའི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་དང་བཀོད་གཏོང་ཡག་པོ་བྱེད་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། རིམས་ནད་ཐོན་རིང་གི་གཞི་རྩའི་དམངས་འཚོའི་ཞབས་ཞུ་འགན་ལེན་ནུས་ལྡན་ཐུབ་པར་བྱེད་དགོས་པ་དང་། ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཡོང་བར་བྱས་ཏེ། སློབ་ཆེན་སློབ་ཐོན་སློབ་མ་དང་མཐོ་རིམ་ལས་རིགས་སློབ་གྲྭ་དང་མཐོ་རིམ་ཆེད་ལས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་ལེགས་གཏོང་དང་ཕན་འབྲས་དོན་གཉེར་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ཚོས་ཏང་གཤིས་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཞིབ་དཔྱད་དངོས་ལ་བརྩིས་ནས་བྱ་དགའ་ཆད་གཅོད་ཁ་གསལ་བཟོ་བ་དང་། སྒྲིག་ཁྲིམས་ནན་དུ་གཏོང་བ། ལས་དོན་ཡག་པོ་སྒྲུབ་མིན་གཅིག་མཚུངས་དང་ལས་དོན་སྒྲུབ་མིན་གཅིག་མཚུངས་ཀྱི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ནས་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་དང་ནུས་པར་ཞིབ་དཔྱད་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་གནས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱི“ཕྱོགས་བཞིའི་འགན་འཁྲི”དམ་ནན་དུ་ཏན་ཏིག་གཏོང་བ་དང་མཉམ་སྒྲུབ་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་དང་ཞིབ་ཚགས་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་གིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རང་འགན་ནན་སྒྲུབ་བྱེད་པ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་དངོས་འབྲེལ་ཐུབ་པར་བྱེད་པ། ཆ་ཤས་གཙང་བཟོར་བརྟེན་ནས་སྤྱི་ཡོངས་གཙང་བཟོ་ཐུབ་པའི་འགན་ལེན་ཏན་ཏིག་བཅས་བྱས་ནས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།