དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-10

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་ཞིབ་བཤེར་གནང་བ་མ་ཟད། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་དོན་མི་སྣར་འཚམས་འདྲི་གནང་བ་རེད།

    བློ་བཟང་རྒྱལ་མཚན་མཐུན་སྒྲིལ་གྲོང་གསར་དང་ཀླུ་སྒུག་སྡེ་ཁུལ་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་གནང་བ་དང་། སྔོ་ཚལ་དང་སྨན་རྫས་སོགས་དངོས་ཟོག་དུས་ཐོག་ཏུ་སྤྲད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ལྡན་དང་། གོ་རིམ་ལྡན་པ། ནུས་ཆེ་བཅས་ཀྱི་སྒོ་ནས་སྤེལ་བར་ཁས་ལེན་གནང་བ་རེད།

    ཚོགས་འགྲེམས་ལྟེ་གནས་ཀྱི་སྒྲོམ་ཚང་སྨན་ཁང་གཉིས་པར་བློ་བཟང་རྒྱལ་མཚན་གྱིས་འཁོར་སྐྱོད་དོ་དམ་དང་། མི་སྣ་ཉར་བཅོས། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ། དངོས་ཟོག་འགན་ལེན་སོགས་ཀྱི་གནས་ཚུལ་རེ་རེ་བཞིན་བཀའ་འདྲི་གནང་ཞིང་། ཁོང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས་པ་དང་བོད་སྐྱོར་སྨན་བཅོས་རུ་ཁག་གི་རིམས་འགོག་ཉམས་མྱོང་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྒྲོམ་ཚང་སྨན་ཁང་གི་སྤྱི་ཡོངས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་དང་སྦྲགས། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ལ་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།

    བློ་བཟང་རྒྱལ་མཚན་སེ་ར་དགོན་དང་འབྲས་སྤུངས་དགོན་དུ་ཕེབས་ནས་དགོན་སྡེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང་གྲྭ་དམངས་ཀྱི་འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཕྲེད་ཀྱི་མཐའ་ཟིན་པ་དང་གཞུང་གི་མཐིལ་ཐུག་པའི་བར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་བཀོད་པ་བཏོད་ནས། དོ་དམ་ཚོད་འཛིན་ལ་ཤུགས་སྣོན་ནན་པོ་དང་ཞིབ་ཚགས་བརྒྱབ་སྟེ་དུས་ཐོག་ཏུ་གྲྭ་དམངས་ཚོར་སེམས་ཁམས་ཁྲིད་སྟོན་བྱས་ནས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།