དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-10

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སྒྲོམ་ཚང་སྨན་ཁང་དང་གཞི་རིམ་གྱི་འཐབ་ས་དང་པོར་ཕེབས་ཏེ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    གཞིས་རྩེའི་སྒྲོམ་ཚང་སྨན་ཁང་བཞི་པར་གཙོ་བོ་རྟགས་མེད་ནད་དཔེ་ཉར་བཅོས་བྱས་ཤིང་། ཡན་ཅིན་ཧའེ་ཡིས་ལྡིར་སོ་འཕྲུལ་ཆས་བརྒྱུད་སྒྲོམ་ཚང་སྨན་ཁང་གི་འཁོར་སྐྱོད་གནས་ཚུལ་གཟིགས་ཞིབ་གནང་ནས་སྒྲིག་འཛུགས་དོ་དམ་དང་། ནད་ཁྲི་བེད་སྤྱོད། ལེ་ལག་ཚང་བའི་སྒྲིག་བཀོད། ཞབས་ཞུ་འགན་ལེན་སོགས་ཐད་མཁྱེན་རྟོགས་གནང་བ་རེད། སྒྲོམ་ཚང་སྨན་ཁང་གི་འགན་འཁུར་བས། སྒྲོམ་ཚང་སྨན་ཁང་དུ་ཡོད་པའི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེར་བསྐྱེད་དང་རང་འགུལ་ཧུར་ཐག་བྱས་ནས་སྨན་དོན་མི་སྣར་ལས་དོན་སྤེལ་རོགས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རོགས་བྱེད་ཀྱི་འདུག་ཅེས་ངོ་སྤྲོད་བྱས་ཤིང་། ཡན་ཅིན་ཧའེ་ཡིས་འཕྲལ་མར་སྒྲོམ་ཚང་སྨན་ཁང་དུ་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་ཞལ་པར་ནས་བཀའ་མོལ་གནང་སྟེ་ཁོང་ཚོར་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཚན་པ་ཆུང་གྲས་ཀྱི་དོ་དམ་ཞབས་ཞུའི་ཚོགས་ཆུང་འཛུགས་པ་དང་། སྒྲོམ་ཚང་སྨན་ཁང་དུ་ཡོད་པའི་མང་ཚོགས་ཚང་མར་རང་འགན་གཙང་སྒྲུབ་དང་ནུས་ཤུགས་ཡོད་རྒུ་འདོན་དགོས་པའི་སྐུལ་སློང་དང་སྒྲིག་འཛུགས་བྱེད་པ། ཕན་ཚུན་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ། རང་འགུལ་ངང་གད་བདར་གཙང་སྦྲ་དང་། གད་སྙིགས་གཙང་འདྲེན། དངོས་ཟོག་སྐྱེལ་ལེན་སོགས་ཀྱི་ལས་དོན་སྤེལ་བ་བཅས་བྱས་ཏེ་བློ་སེམས་གཅིག་སྒྲིལ་དང་ཀུན་སེམས་གཅིག་མཐུན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

    ཕྱུག་པོ་གཞུང་ཤང་ལྕགས་སྟོད་གྲོང་ཚོར། ཡན་ཅིན་ཧའེ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང“སྟོན་གསུམ”ལས་དོན་གྱི་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་མིས་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་རང་འགུལ་ངང་རིམས་འགོག་ལས་དོན་ལ་གཞོགས་འདེགས་བྱེད་པ་མཁྱེན་སྐབས། ཡན་ཅིན་ཧའེ་ཡིས་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་རེད། ལྕགས་སྟོད་གྲོང་ཚོ་ད་དུང་བརྔ་བསྡུའི་དུས་ཚིགས་སུ་སླེབས་མེད་ཀྱང་སྟོན་བསྡུའི་ཇུས་གཞི་ཡག་པོ་བཟོས་ནས་ཕྱིར་གླ་པ་རྒྱུག་མཁན་སོགས་ཚོགས་སྤྱིའི་སེམས་ཁྲལ་སེལ་གང་ཐུབ་བྱས་ཏེ། “སྟོན་གསུམ”ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས། སྟོན་བསྡུའི་སྐབས་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མུའུ་གཅིག་ཀྱང་མི་ལུས་པར་བྱས་ཏེ་འབྲུ་རིགས་འབྲུ་རྡོག་གཅིག་ཀྱང་མི་ལུས་པར་བརྔ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་གནང་རིང་། ཡན་ཅིན་ཧའེ་ཡིས་མིག་སྔར་ང་ཚོའི་དམིགས་ཚད་དེ་བས་ཁ་གསལ་བ་དང་། ཐབས་ཇུས་དེ་བས་གནད་ལ་སྨིན་པ། བྱ་ཐབས་དེ་བས་ཚན་རིག་དང་མཐུན་པ་བཅས་བྱུང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ལ། ཛ་དྲག་ངང་འགག་སྒྲོལ་བཙན་གཏོར་བྱེད་བཞིན་ཡོད་པས། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་སྟོབས་ཤུགས་ཡོད་ཚད་སྐུལ་སློང་གིས་གཏན་འཁེལ་བྱས་པའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“མི་དམངས་ཀྱི་དམག་འཐབ”ཡག་པོ་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།