དབུ་ཤོག>སྲིད་དོན།
  • ཤའོ་ཡིའུ་ཚའེ་ཡིས་རང་ལྗོངས་ཀྱི་ཚབ་ཞུས་ནས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ལ་རིམས་འགོག་དང་འཚོ་བའི་དངོས་ཟོག་སྤྲད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-08

    ཚེས་5ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་ཕེབས་ནས། ཀྲུང་གོ་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ཏེ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ལ་སྨན་བཅོས་འགོག་སྲུང་དང་འཚོ་བའི་དངོས་ཟོག་ཁག་གཅིག་སྤྲད་གནང་བ་མ་ཟད། ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ན་ཝ་ལ་ཅེ·ཏ་ཁར་དང་གླེང་མོལ་མདོར་བསྡུས་ཀྱང་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཁོང་གིས་བོད་ཀྱིས་སྤྱི་ཚོགས་ཐོག་གཙང་སེལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕྱོགས་ཡོངས་རྒྱལ་ཁ་ཧུར་ཐག་བླངས་ཏེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་གྱིས་སླར་གསོ་ཐུབ་པ་བྱ་རྒྱུ་ཡིན། ཀྲུང་གོའི་རིམས་འགོག་སྲིད་ཇུས་ཀྱིས་ཀྲུང་གོའི་སྤྱི་དམངས་དང་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་སྤྱི་དམངས་ཀྱི་བདེ་ཐང་བདེ་འཇགས་འདྲ་མཉམ་སྲུང་གི་ཡོད། དེས་ན་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པ་ཚུད་པའི་རྒྱལ་ཁོངས་་ཕྱི་རྒྱལ་ནས་ཡིན་པའི་བོད་དུ་ཡོད་པའི་མི་སྣས་ཀྲུང་གོ་ཕྱོགས་ཀྱི་རིམས་འགོག་གཏན་འབེབས་མུ་མཐུད་ཡག་པོ་བསྲུངས་ནས། སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ་ཀྲུང་གོ་ཕྱོགས་དང་དུས་ངལ་མཉམ་སེལ་བྱ་རྒྱུའི་རེ་བ་ཡོད་ལ། ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྱང་ཀྲུང་གོ་བོད་རང་སྐྱོང་ལྗོངས་ཀྱི་རིམས་འགོག་ལས་དོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་དེར་གཞོགས་འདེགས་བྱ་རྒྱུའི་རེ་བ་ཡང་ཡོད་ཅེས་གསུངས་པ་རེད།

    ཏ་ཁར་གྱིས་ཀྲུང་གོ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ནེ་པ་ལར་རྒྱབ་སྐྱོར་དང་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕེལ་རིམ་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་རིམས་ནད་ཐོན་ཚུན་ཀྲུང་གོ་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་བོད་དུ་ཡོད་པའི་མི་སྣར་ལྟ་སྟངས་གཅིག་པ་བྱས་ཏེ་ཁོང་ཚོའི་རིམས་འགོག་དང་འཚོ་བའི་དགོས་མཁོ་ཧུར་ཐག་བསྐངས་པར་ནེ་པ་ལས་དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྲུང་གོ་བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།