དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-04

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་ལྷན་དུ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    “ཉེ་ཆར་དུད་ཚང་ཚང་མར་ཚལ་ཐེངས་ག་ཚོད་བསྐྱལ་གྱི་ཡོད་དམ” “ད་དུང་དཀའ་ངལ་གང་ཞིག་འདུག་གམ” “རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་རྒྱུར་དེ་བས་ལེགས་པའི་གྲོས་འགོ་གང་ཡོད་དམ”ཞེས་བློ་བཟང་རྒྱལ་མཚན་རྒྱ་མཚོ་སྡེ་ཁུལ་དང་། ཞོལ་སྡེ་ཁུལ། ཁང་ཉིང་ཁུལ་ཆུང་བཅས་སུ་ཕེབས་ནས་དངོས་རྫས་འགན་ལེན་དང་། མང་ཚོགས་ཀྱི་སྨན་བཅོས། མི་སྣ་སྒྱུར་སྐྱེལ་སོགས་ཀྱི་གནད་དོན་རེ་རེ་བཞིན་བཀའ་འདྲི་གནང་བ་རེད། ཁོང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་སྟབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། འདི་གར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་གདོང་མཆོང་དཔུང་གཏོར་དང་འཐབ་ས་དང་པོར་བརྟན་སྲུང་བྱེད་མཁན་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རེ་བར་ཚང་མས་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་བཏང་སྟེ་རིམས་ནད་དེ་ཞུན་བརྡར་དང་ཚོད་བགམ་ཞིག་ལ་བརྩིས་ནས་འགན་འཁྲི་ནན་དུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་དཀའ་ངལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་སེམས་ནུས་ཡོད་རྒུ་བཏོན་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་རོགས་བྱས་ནས་ཁོང་ཚོར་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་རོགས་བྱེད་དགོས་ཞེས་གསུངས་པ་རེད།

    ཁྲེང་ཀོན་ཆུས་ཨུད་དུ་བློ་བཟང་རྒྱལ་མཚན་གྱིས་ཁྲེང་ཀོན་ཆུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང་མང་ཚོགས་ཀྱི་འཚོ་བ་དང་སྨན་བཅོས་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན། ལས་ཀའི་བརྒྱུད་རིམ་ལེགས་གཏོང་བཅས་བྱས་ནས་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་གྲུབ་འབྲས་རྒྱུན་སྲིང་སྲ་བརྟན་གཏོང་དགོས། འགལ་ཟླ་གཙོ་བོར་དམ་འཛིན་དང་། འགག་རྩའི་གནད་དོན་ལ་དམིགས་པ། གཙོ་གནད་ས་ཁོངས་འགག་སྒྲོལ། མཁོ་སྤྲོད་དང་དགོས་མཁོའི་འཁོར་འབྲེལ་ཧྲིལ་པོའི་ལྷུ་ཚིགས་ཁག་གི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ། སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་དང་སྟབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཆེད་མུ་མཐུད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།