དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྷུན་གྲུབ་རྫོང་དུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-08-31

    W020220828863214358934.jpg

    ཟླ་8ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷུན་གྲུབ་རྫོང་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་བཤེར་ས་ཚིགས་དང་། གཙོ་གནད་ཁུལ། ཤང་གྲོང་གི་གཞི་རིམ། ཞིང་ནང་དང་མུ་ཁ་བཅས་སུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་འཐབ་ས་དང་པོའི་རིམས་འགོག་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གྲོང་མི་ཚེ་རིང་ཉི་མ་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཡུལ་མི་ཚོར་ཐོན་འབབ་ལོ་རེ་བཞིན་མང་དུ་ཕྱིན་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བའི་སྨོན་འདུན་ཞུ་བཞིན་པ།

    W020220828863208414578.jpg

    ཟླ་8ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷུན་གྲུབ་རྫོང་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་བཤེར་ས་ཚིགས་དང་། གཙོ་གནད་ཁུལ། ཤང་གྲོང་གི་གཞི་རིམ། ཞིང་ནང་དང་མུ་ཁ་བཅས་སུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་འཐབ་ས་དང་པོའི་རིམས་འགོག་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷུན་གྲུབ་རྫོང་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སུ་ལས་རེས་ལས་སྒྲུབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བཞིན་པ།

    ◆ སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་གྲུབ་འབྲས་སྲ་བརྟན་དུ་ཏན་ཏིག་བཏང་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་ཞན་ཆ་སེལ་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་སྤྱི་འདོམས་དང་དམ་འཛིན་ཡག་པོ་བཅས་བྱེད་དགོས།

    ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷུན་གྲུབ་རྫོང་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་བཤེར་ས་ཚིགས་དང་། གཙོ་གནད་ཁུལ། ཤང་གྲོང་གི་གཞི་རིམ། ཞིང་ནང་དང་མུ་ཁ་བཅས་སུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་འཐབ་ས་དང་པོའི་རིམས་འགོག་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“སྟབས་བསྟུན་གཙང་བཟོའི”སྤྱིའི་མཛད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། རིམས་ནད་ཐོན་པ་དང་འགོག་བཅོས་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ། དུས་བབ་དང་ཡུལ་བབ་ལ་བསྟུན་ནས་ཚན་རིག་དང་མཐུན་པའི་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་ལེགས་སྒྲིག སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་ཕན་འབྲས་སྲ་བརྟན་དུ་ཏན་ཏིག གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་ལས་ཀའི་ཞན་ཆ་སེལ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ངང་དམ་འཛིན་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྷུན་གྲུབ་རྫོང་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སུ་སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ཤིང་། ཝང་ཅུན་ཀྲེང་གིས་ལས་རེས་ལས་སྒྲུབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ནན་ཏན་གནང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ལྷུན་གྲུབ་རྫོང་གི་ལས་ཤག་ལོགས་བཀར་བྱ་ཡུལ་དུ་ཝང་ཅུན་ཀྲེང་གིས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་། མི་སྣ་བཀོད་སྒྲིག འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རིམས་ནད་ཐོན་པ་ནས་བཟུང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གདོང་མཆོང་བྱེད་པ་དང་། ལས་གནས་བརྟན་སྲུང་། སྒེར་སེམས་མེད་པའི་ལས་སྒྲུབ་བཅས་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་དམངས་འཚོའི་དགོས་མཁོ་འགན་ལེན་གང་ཐུབ་བྱས་ཡོད། རེ་བར་ཚང་མས་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

    རྒན་གསོ་ཁང་གི་སྒོ་ཁར་ཝང་ཅུན་ཀྲེང་གིས་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཞིང་། རྒན་གསོ་ཁང་དུ་རིམས་ནད་ཐོན་མེད་པ་དང་རྒན་རྒོན་གྱི་ལྟོ་དུས་གསུམ་ཀར་སེམས་ཁྲལ་མེད་པ་མཁྱེན་རྗེས། ཝང་ཅུན་ཀྲེང་གིས“ལས་ཀ་ཡག་པོ་བྱས་འདུག”ཅེས་བསྔགས་བརྗོད་གནང་ཞིང་སེམས་ནུས་ཡོད་རྒུ་བཏོན་ནས་འགན་ལེན་ལྔའི་རྒན་རྒོན་དང་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པར་རོགས་སྐྱོར་བྱས་ཏེ་རྒན་གསོ་ཁང་དང་ཕན་བདེ་ཁང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་མངགས་བཅོལ་གནང་བ་རེད། བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་མང་ཚོགས་ཚོས་བཙས་མ་རྔ་བསྡུ་བྱེད་བཞིན་ཡོད་པ་རེད། ཝང་ཅུན་ཀྲེང་གིས་གྲོང་མི་ཚེ་རིང་ཉི་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་ཡུལ་མི་ཚོར་ཐོན་འབབ་ལོ་རེ་བཞིན་མང་དུ་ཕྱིན་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་རྒྱུའི་སྨོན་འདུན་ཞུས་པ་རེད། བྱང་ཁ་ཤང་དུ་ཕེབས་ནས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སུང་དབྱི་ཆིང་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    དཔལ་འབྱོར་གླིང་ཤང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་ཝང་ཅུན་ཀྲེང་གིས་སོ་ལོ་སྔོན་པོ་དང་གུང་ལ་ཕུག་སོགས་སྔོ་ཚལ་གྱི་རིན་གོང་རེ་རེ་བཞིན་བཀའ་འདྲི་གནང་ཞིང་། མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་རྒྱུན་གཏན་ངང་མཁོ་སྤྲོད་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཐོག་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་དགོས་པའི་ནན་བཤད་གནང་བ་རེད།

    ལྟ་སྐུལ་མཛུབ་ཁྲིད་གནང་རིང་། ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་ཁག་ཏུ་སྤྱི་ཚོགས་ཐོག་གཙང་བཟོ་མངོན་འགྱུར་ཐུབ་མོད། འོན་ཀྱང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ནི་སྔར་བཞིན་དོན་ཆེན་ཨང་དང་པོ་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏོང་མི་རུང་། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀའི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས། ལྷོད་གཡེང་དང་ངལ་གསོ་བའི་བསམ་བློ་ཁྱད་སད་མཐའ་གཅིག་ཏུ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་དང་རྣམ་པ་ཀུན་ཏུ་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་ཞན་ཆ་སེལ་བ། རིམ་དབྱེ་དང་རིགས་དབྱེའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་གནད་སྨིན་བཅས་བྱས་ནས་ནད་ཡམས་མཆེད་རྒྱུ་སྔོན་འགོག་དང་། ཕྱི་ནས་མི་འགོ་བ་སྔོན་འགོག ནང་དུ་བསྐྱར་ལོག་མི་ཡོང་བ་སྔོན་འགོག་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་གཞི་རིམ་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་མུ་མཐུད་ཕྱོགས་ཡོངས་ནས་གྲལ་བཤེར་ཞིབ་ཚགས་བྱེད་པ་དང་། “ཧ་རེ་ཧུ་རེ”གཏན་འགོག་མཐའ་གཅིག་ཏུ་བྱེད་པ། དུས་ཚོད་དམ་འཛིན་དང་ལས་ཕྱོད་ཆེ་རུ་གང་ཐུབ་གཏོང་བ། ཉིང་སྐྱུར་བརྟག་དཔྱད་དང་། རིམས་དཔྱད་ཁུངས་འདེད། ལོགས་འཇོག་བརྒྱུད་སྐྱེལ། སྨན་ཁང་ནས་འགོ་རྒྱུ་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། སྟབས་བསྟུན་གཙང་བཟོ་གང་མགྱོགས་མངོན་འགྱུར་བཅས་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་རིམས་ནད་ལ་འགོག་རྒོལ་བྱ་རྒྱུ་འགག་རྩའི་དུས་སྐབས་སུ་སླེབས་པ་དང་ཞིང་འབྲོག་ཁུལ་དུ་སྟོན་བསྡུའི་སྐབས་འཁེལ་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དམ་འཛིན་བྱས་ནས་རིམས་འགོག་ལྷོད་གཡེང་དུ་མི་གཏོང་བ་དང་ཐོན་སྐྱེད་ལས་ཐེབས་མི་ཆག་པ་མཐའ་འཁྱོངས་དང་། ཉེན་ཁ་ཆེ་འབྲིང་ཆུང་གསུམ་གྱི་ས་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་དང་སྟབས་བསྟུན་ལེགས་སྒྲིག་བྱེད་པ། དམིགས་ས་ཡོད་པའི་སྒོ་ནས་ལས་ཀའི་ཇུས་གཞི་བཟོ་བ། “སྟོན་གསུམ”གྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་ཚད་གཞི་བརྟན་སྲུང་བཅས་བྱས་ཏེ་མང་ཚོགས་ལ་ཐོན་འབབ་ཡག་པོ་ཡོང་བའི་འགན་ལེན་བྱས་ཐོག་ཕྱོགས་གཉིས་ནས་དམ་འཛིན་དང་གཉིས་ཀར་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས། སྟོན་བསྡུའི་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་དང་ཕན་ཚུན་རོགས་རེས་ཧུར་ཐག་བྱས་ནས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་དང་སྟོན་བསྡུའི་ལས་ཕྱོད་མཐོ་རུ་བཏང་ཐོག་རིམས་ནད་ཐོན་རིང་གི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དངོས་རྫས་དང་དེ་བཞིན་ཞིང་ཕྱུགས་ཐོན་ཟོག་བྲིན་ཚོང་གི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ནས་ཞིང་འབྲོག་ལས་ལ་ཐོན་ལེགས་ཡོང་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྨང་གཞི་བརྟན་པོ་མ་བྱུང་ན་རི་འགུལ་ས་གཡོ་ཡོང་སྲིད། གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་བྱེད་ནུས་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་དེ་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་དང་མཉམ་དུ་ལངས་པ་དང་། མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་ཀ་བྱེད་པ་བཅས་བྱས་ནས་སེམས་ནུས་ཡོད་རྒུ་བཏོན་ཏེ་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་གཞི་རིམ་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འགལ་ཟླ་འཕྲད་སྐབས་དཀའ་ངལ་གྱི་གདོང་བསུ་ཕོད་པ་དང་ཉེན་ཁ་འཕྲད་སྐབས་མདུན་དུ་སྐྱོད་ཕོད་པ། འགན་འཁྲི་འཁུར་བ་དང་། བྱ་སྤྱོད་སྤེལ་བ། བྱ་ཐབས་དོན་འཁྱོལ་བཅས་བྱས་ནས་དུས་རབས་གསར་པའི་ཏང་ཡོན་དང་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས། སྒྲིག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་ནན་པོ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གཟབ་ནན་རང་བཞིན་དང་། སྒྲིག་ཁྲིམས་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་བཏང་སྟེ་བཙན་ཞིང་ནན་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་པོའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱལ་ཁ་ཐོབ་པར་འབད་འབུངས་བྱེད་དགོས། རིམས་འགོག་གི་འཐབ་ས་དང་པོའི་ལས་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་དངོས་ཡོད་དཀའ་ངལ་སེལ་རོགས་བྱས་ནས་རིམས་འགོག་མི་སྣར་གཅེས་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་ཏེ་ཚང་མས་དཀའ་ཉེན་ལ་མི་སྐྲག་པ་དང་འབད་འབུངས་སྟོབས་བརྩོན་བྱས་ནས་ཐུན་མོང་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྐུལ་ལྕག་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།