དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-26

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་23ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་སྟངས་ལ་བརྟེན་ནས། ལྷ་ས་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་ལྷན་དུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བར་ཕེབས་པ་རེད།

    ཝེ་ཡེ་ནཱ་གསོལ་མགྲོན་ཁང་དང་ཞིའི་ཨན་ཆིང་ཡཱ་གསོལ་མགྲོན་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་ཉིང་སྐྱུར་བརྟག་དཔྱད་དང་། མི་སྣ་བརྒྱུད་འདྲེན། ལོགས་འཇོག་བྱེད་མཚམས་བཞག་པ། འཚོ་བའི་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དོ་དམ་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། བརྒྱུད་འདྲེན་གྱི་བརྒྱུད་རིམ་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྒྲོམ་ཚང་སྨན་ཁང་བསྐྲུན་ཡུལ་དུ་བཟོ་པས་ལས་དུས་འཕར་མ་བྱས་ནས་ཨར་ལས་བྱས་ཏེ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། སྒྲོམ་ཚང་སྨན་ཁང་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་རྒྱུའི་གནས་ཚུལ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་གྱིས་དེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྟོབས་ཤུགས་ཆེན་པོ་ཞིག་སྣོན་རྒྱུ་རེད། ཚང་མ་སྐུ་ལས་ཁག་སོང་། ཁྱེད་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་པ་རེད།

    སྣེའུ་ཁུལ་གསར་གྱི་སྒྲོམ་ཚང་སྨན་ཁང་དུ་ཁོང་གིས་ཉར་བཅོས་དང་། སྨན་ཁང་ནས་དོན་པ། མཁོ་སྤྲོད། འགན་ལེན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས་ཉར་དགོས་རིགས་ཚང་མ་ཉར་དགོས་པ་དང་སྨན་བཅོས་བྱེད་དགོས་རིགས་ཚང་མ་སྨན་བཅོས་བྱས་ནས། སྐྱོབ་བཅོས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། སྣེའུ་ཁུལ་གསར་གྱི་སྤྱི་བདེའི་རིམ་པ་དང་པོའི་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་དང་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་སུ་བློ་བཟང་རྒྱལ་མཚན་གྱིས་མི་སྣ་བཀོད་སྒྲིག་དང་འཁོར་རིགས་དངོས་ཟོག་གི་ཞིབ་བཤེར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒོ་དང་པོ་ནན་པོར་བསྲུངས་ནས་རིམས་ནད་འགོ་བ་དང་མཆེད་པའི་ཉེན་ཁ་ནན་འགོག་བྱེད་དགོས་པའི་ནན་བཤད་གནང་བ་དང་སྦྲགས། ལས་དོན་མི་སྣར་རང་ངོས་འགོག་སྲུང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།