དབུ་ཤོག>སྲིད་དོན།
  • ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-25

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་དོན་སྤེལ་ཚུལ་གསན་པ་རེད།

    ཤའོ་ཡིའུ་ཚའེ་ཡིས། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་བརྟག་དཔྱད་ཡག་པོ་བྱེད་དགོས། ཚེས་23ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་རེས་སྐོར་གསར་པའི་མི་སྣ་ཡོངས་ཀྱི་ཉིང་སྐྱུར་དབྱེ་བཤེར་ལས་དོན་སྤེལ་ནས་སྤྱི་འདོམས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། བརྟག་དཔྱད་ནུས་པ་ཆེ་རུ་གཏོང་བ། ས་ཁོངས་ཡོངས་དང་མི་སྣ་ཡོངས་ཀྱི་རེས་སྐོར་གསུམ་པའི་ཉིང་སྐྱུར་བརྟག་དཔྱད་ལ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དམིགས་འཛུགས་ས་ཁོངས་ཡོངས་སུ་ཁྱབ་རྒྱུའི་འགན་ལེན་བྱས་ནས་མི་མངོན་པའི་ནད་དཔེ་ཚང་མ་གྲལ་བཤེར་ནུས་ལྡན་ཐུབ་པ་བྱེད་དགོས། ལོགས་འཇོག་གི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས། “སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་། སྔ་ཙམ་ལོགས་འཇོག སྔ་ཙམ་སྨན་བཅོས”བཅས་ཀྱི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྡེ་ཚན་གྱི་མཐུན་སྦྱོར་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་མི་འདང་ས་གསབ་ནས་མི་སྣ་འགོག་སྲུང་གི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག བབ་བསྟུན་གྱི་བྱ་ཐབས་སྤྱད་དེ་བརྒྱུད་འདྲེན་རླངས་འཁོར་གྱི་གྲངས་འབོར་མུ་མཐུད་མང་དུ་གཏོང་བ་དང་། ལོགས་འཇོག་ཁུལ་དང་བར་བརྒྱུད་སྒྲོམ་ཚང་སྔར་བས་མང་དུ་གཏོང་བ། བརྒྱུད་འདྲེན་ལོགས་འཇོག་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ནས་གདགས་གཤིས་དང་འབྲེལ་འདྲིས་ཡོད་རིགས་ཚང་མ་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་པ་བྱེད་དགོས། འགོག་སྲུང་ལས་དོན་ནན་པོ་དང་དམ་ཟབ་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།