དབུ་ཤོག>སྲིད་དོན།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-24

    རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཡུས་ཞུའེ་ཅུན་དང་བཅས་པ་སླར་ཡང་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཁྲེན་ཡུང་ཆི་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ལྷན་དུ་ཕེབས་ཡོད་པ་རེད།

    ཧྭ་ཏ་རྒྱུད་གཞི་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་དུ་ཡུས་ཞུའེ་ཅུན་གྱིས་ཚོད་ལྟ་ཁང་གི་ལས་ཀའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་དང་ས་གནས་ས་ཐོག་ཏུ་རླུང་སྐྱིའི་ཚོད་ལྟ་ཁང་གི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། ཧྭ་ཏ་རྒྱུད་གཞིས་བོད་དུ་རིམས་ནད་ཐོན་རྗེས་ཐེག་པ་ཁུར་ལེན་བྱས་ནས་བོད་ཀྱི་རིམས་ནད་འགོག་བཅོས་ཀྱི་འཐབ་རྩོད་ནང་འཕྲལ་མར་ཞུགས་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སླད་ཕྱིན་ཧྭ་ཏ་རྒྱུད་གཞིས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ། རིམས་ནད་འགོག་བཅོས་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་མུ་མཐུད་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གྲོང་ཤར་ཡན་ལག་སྨན་ཁང་དུ་ཡུས་ཞུའེ་ཅུན་གྱིས་ཁ་གཏད་རོགས་སྐྱོར་གྲོང་ཁྱེར་ཁྲུང་ཆིང་གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རྒྱ་ཆེའི་སྨན་དོན་མི་སྣར་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་བོད་སྐྱོར་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་བོད་ཀྱི་རིམས་ནད་འགོག་བཅོས་ལས་དོན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།

    བརྟག་ཞིབ་གནང་རིང་ཡུས་ཞུའེ་ཅུན་དང་བཅས་པས་ད་དུང“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་རྣམ་པའི་ཐོག་ནས་སྟོད་ལུང་བདེ་ཆེན་ཆུས་སྒྲོམ་ཚང་སྨན་ཁང་དུ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་ཤིང་། ཁོང་རྣམ་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་སྟེ། དོ་དམ་བྱེད་སྟངས་ཚད་ལྡན་དང་ནན་དུ་གཏོང་བ་དང་། སྒྲོམ་ཚང་སྨན་ཁང་དུ་སྡོད་པ་དང་སྨན་ཁང་ནས་དོན་པའི་ཚད་གཞི་ཁ་གསལ་བཟོས་ནས་བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་བཅོས་དགོས་རིགས་ཚང་མ་བཅོས་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། སྒྲོམ་ཚང་གི་སྒྲིག་ཆས་ཁག་བཀོད་སྒྲིག་ཡག་པོ་བྱེད་པ་དང་རྒན་རྒོན་དང་། བྱིས་པ། སྦྲུམ་མ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ཏེ། ཚན་རིག་དང་མཐུན་ལ་དྲོ་སྐྱིད་ལྡན་པའི་སྨན་བཅོས་ཇུས་གཞི་བཟོས་ནས་ནད་པར་སྟབས་བདེ་སྐྲུན་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་གང་ཐུབ་ཅི་ཐུབ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྣེའུ་ཧའེ་ལེང་ཞང་ཡུན་ཧྭ་ཧྥུའུ་ཁུལ་ཆུང་དང་། ཚལ་གུང་ཐང་ཧྲེ་པང་ཧྲུའུ་ཧྲན་ཅུན་ཁུལ་ཆུང་། ཀརྨ་དགོན་གསར་ཁྲོམ་གཞུང་ར་མོ་ཆེ་སྡེ་ཁུལ་སོགས་སུ་ཡུས་ཞུའེ་ཅུན་གྱིས་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། སྡེ་ཁུལ་གྱི་རིམས་འགོག་ལས་དོན་ཁྲོད་གནས་པའི་གནད་དོན་དང་དཀའ་ངལ་ཤེས་རྟོགས་ཀྱང་གནང་ཞིང་། ཁོང་གིས་མིག་སྔར་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ངོས་ནས་བརྗོད་སྔར་བཞིན་མགྱོགས་མྱུར་མང་དུ་འགྲོ་བའི་སྐབས་ཡིན་པ་དང་། དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ། སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལྕི་བས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་ཏན་ཏིག་བྱེད་དགོས་པ། ནང་ཁུལ་དུ་དོ་དམ་དང་ཚོད་འཛིན་ཡག་པོ་བྱེད་པ་དང་། གཉིས་ལྡན་དུད་སྦྲེལ་གྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ནན་འགོག་བརྟན་སྲུང་དང་དམ་འཛིན་ཏན་ཏིག་བཅས་བྱས་ནས་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཕན་འབྲས་ཆེན་པོས་ཡག་པོ་སྒྲུབ་དགོས་པ། གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ་གདགས་གཤིས་ཐོན་མ་ཐག་ལམ་སེང་སྨན་བཅོས་བྱེད་པར་སྐྱེལ་བ་དང་། དུས་ཐོག་ཏུ་རིམས་ནད་རིག་པའི་བརྟག་དཔྱད་བྱེད་པ། འཕྲལ་མར་བརྒྱུད་འདྲེན་བྱེད་པ། ཚད་ལྡན་ལོགས་བཀར་བཅས་བྱས་ནས་སྡེ་ཁུལ་གྱི་འགོས་ཁྱབ་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས་པ། ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཀྱི་དགོས་མཁོ་འགན་ལེན་ཏན་ཏིག་བྱེད་དགོས་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་ལས་བྱེད་པ་སྡེ་ཁུལ་དུ་བསྐྱོད་པ་དང་ཏང་དར་སྡེ་ཁུལ་དུ་གཡོ་བར་བྱས་ནས་མང་ཚོགས་ལ་རྟེན་ས་རྙེད་པར་བྱེད་དགོས་ལ། མཉམ་དུ་རིམས་འགོག་གི་མཉམ་ཤུགས་ཆེན་པོའང་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆིས་བརྟག་ཞིབ་གནང་སྐབས། རིམ་ཁག་སྡེ་ཚན་ཁག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་བསམ་འཆར་ལྟར་གཅིག་ཤེས་ཀུན་གྲོལ་ཡོང་བ་བྱེད་པ་དང་། ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། འཕྲལ་མར་ཞན་ཆ་སེལ་བ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། རིམས་ནད་ཀྱི་འགོས་ཁྱབ་སྦྲེལ་ཐག་གང་མགྱོགས་བཅད་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།