དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-24

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག་ཚེས་21ཉིན་དང་ཚེས་22ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས“དཔེ་ལེན་དང་། དབོར་འདྲེན། བརྟག་དཔྱད། སྙན་སེང་། ཁུངས་འདེད། དོ་དམ”བཅས་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་ལ་དམ་པོར་དམིགས་ཏེ་གཞིས་རྩེ་གྲོང་ཁྱེར་དུ་ཞིབ་བཤེར་མཛུབ་ཁྲིད་གནང་བ་རེད།

    “འཕྲུལ་མིག”ཚོད་ལྟ་ཁང་ནི་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཉིང་སྐྱུར་ཞིབ་དཔྱད་ལས་སྟེགས་ཤིག་ཡིན་པ་དང་ཚོད་ལྟ་ཁང་བེད་སྤྱོད་བྱས་པ་དེས་གཞིས་རྩེ་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད། ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་སྦྲགས་འབྲེལ་ཡོད་འགན་འཁུར་བ་དང་སྤེལ་རེས་གནང་ནས་བརྟག་དཔྱད་གནས་ཚུལ་གྱི་སྙན་སེང་གསན་པ་རེད།

    ཚེས་21ཉིན་གཞིས་རྩེ་གྲོང་ཁྱེར་གྱི་རྟགས་མེད་ནད་དུག་འགོས་པ་117ཚང་མ་སྒྲོམ་ཚང་སྨན་ཁང་ནས་དོན་པའི་ཚད་གཞིར་སླེབས་ཏེ་གཅིག་རྗེས་གཉིས་མཐུད་ངང་སྒྲོམ་ཚང་སྨན་ཁང་ནས་དོན་པའི་གནས་ཚུལ་ཐོས་མ་ཐག་མི་རིགས་ཁག་གི་མང་ཚོགས་ཚོར་སེམས་འགུལ་ཚད་མེད་ཐེབས་ཡོད། ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་གཉིས་པར་ཕེབས་ནས་རིགས་གཅིག་མཁས་ཅན་ཚོགས་པར་འཚམས་འདྲི་ཞུས་གནང་བ་དང་སྨན་བཅོས་རུ་ཁག་གི་བཀོད་སྒྲིག་དང་། སྨན་བཅོས། སྔོན་ཇུས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    ཁོང་གིས། ང་ཚོས་ཡིད་ཆེས་སྔར་བས་བརྟན་དུ་དང་ངར་ཤུགས་སྔར་བས་འཕེལ་བར་བྱས་ཏེ་རྩིས་ལེན་དོ་དམ་བྱེད་མཁན་སྨན་བཅོས་རུ་ཁག་གི་ཆེད་ལས་ཤེས་བྱ་དང་རིམས་འགོག་ཉམས་མྱོང་འདོན་སྤེལ་གང་ལེགས་བྱས་ནས་ནད་པ་སྐྱོབ་བཅོས་ཧུར་ཐག་བྱེད་པ་དང་དྲག་སྐྱེད་བྱུང་ནས་ལོག་རྒྱུར་སྐུལ་འདེད་གཏོང་བ་དང་འཁོར་རྒྱུག་གི་ནུས་པ་ཆེ་རུ་གཏོང་དགོས། སྨན་ཁང་འཛུགས་སྐྲུན་ལ་ཤུཌ་སྣོན་རྒྱག་པ་དང་། ཡོ་ཆས་སྒྲིག་སྦྱོར་བྱེད་པ། སྨན་ཁང་ནས་འགོ་རྒྱུ་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ། ཞབས་ཞུ་དོ་དམ་དང་མི་ཆོས་དོ་ཁུར་ཏན་ཏིག་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས། གོམ་སྟབས་རྗེས་མར་དམ་འཛིན་ནན་པོ་བྱས་ནས་ཞིབ་ཚགས་ལ་དམིགས་པ་དང་། ནུས་ཆེའི་འཁོར་རྒྱུག་བྱེད་པ། གོམ་སྟབས་གཅིག་གྱུར་བཅས་བྱས་ཏེ་ལྷུ་ཚིགས་ཚང་མ་ཚགས་དམ་ལ་གནད་ལ་འཁེལ་བ་དང་སྐྱོན་ཆ་མི་ཐོན་པའི་འགན་ལེན་བྱེད་དགོས། རིམས་ནད་རིག་པའི་བརྟག་དཔྱད་གང་མགྱོགས་བྱེད་པ་དང་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་གདགས་གཤིས་མི་སྣ་གང་མགྱོགས་བདའ་འདེད་དང་ཚོད་འཛིན་བྱེད་པ་དང་། ནད་གཞི་འགོ་བའི་འབྲེལ་ཐག་ལ་ཞིབ་བཤེར་གཏིང་ཟབ་བྱེད་པ། གང་མགྱོགས་ལོགས་འཇོག་དང་དོ་དམ་ཚོད་འཛིན་བྱེད་པ། ཕན་ཚུན་འགོ་ཁྱབ་ནན་འགོག་བྱེད་པ། ནད་གཞི་འགོ་བའི་འབྲེལ་ཐག་མེད་པར་བཟོ་བ་བཅས་བྱེད་དགོས། ལོགས་བཀར་བྱེད་དགོས་རིགས་ལོགས་བཀར་བྱེད་པ་དང་། མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། དྲ་མིག་ཅན་དང་གསལ་ཐོ་ཅན་གྱི་དོ་དམ་དོན་འཁྱོལ་བྱེད་པ། “ཕྱི་བརྟན་ནང་འགུལ”གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་སྒྲོམ་ཚང་སྨན་ཁང་དང་གཅིག་སྡུད་ལོགས་བཀར་ས་ཚིགས་གྲབས་གསོག་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ་དང་གནད་སྨིན་དང་། དུས་ཐོག སྐབས་བསྟུན་དོ་དམ་བཅས་ཀྱི་རྩ་དོན་ལྟར། ཁུལ་དང་རིམ་པ་དབྱེ་བ་དང་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱད་དེ་འཕར་ཆག་ཡོད་པ་དང་སྡོམ་གློད་ཟུང་འབྲེལ་བྱེད་དགོས། འཆར་གཞི་ཡོད་པའི་སྒོ་ནས་དམག་འཐབ་རྒྱག་པ་དང་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ཐོན་ཁུངས་བེད་སྤྱོད་ཤུགས་ཆེན་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།