དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་རིམས་ནད་སྐོར་གྱི་སྤྱི་བསྒྲཊ་ཨང་26པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-21

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་26པ། 

    རིམས་ནད་གློ་བུར་དུ་ཐོན་ཚུན། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་གྲོང་ཁྱེར་གྱི་བདག་པོའི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ་འཚོ་བར་སྟབས་བདེ་མེད་པ་ཁྱད་བསད་ཧུར་ཐག་དང་རིམས་འགོག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་ཡ་རབས་ཀྱི་གཟུགས་བརྙན་དང་སྤྱོད་ཚུལ་བཟང་པོ་གང་ལེགས་མངོན་ཡོད། ཚང་མས་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་། སེམས་ནུས་ཡོད་རྒུ་འདོན་པ་དང་བསྟུན་མཁས་བྱེད་པ། འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་བ་བཅས་བྱས་པར་བརྟེན། ལྷ་ས་སྤྱི་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་མི་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིག་སྔར་ལྷ་སའི་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་སྔར་བས་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། ངར་ཤུགས་གཅིག་སྒྲིམ་གྱིས་སྤྱི་ཚོགས་ཐོག་གཙང་བཟོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཟླ་8ཚེས་21ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་བར་གྱི་གནས་སྐབས་རང་བཞིན་གྱི་སྤྱི་ཚོགས་ཐོག་དོ་དམ་ཚོད་འཛིན་བྱ་རྒྱུ་མུ་མཐུད་འགྱུར་བ་མི་གཏོང་བ་དང་འབྲེལ། ཁུལ་དབྱེ་བ་དང་རིམ་པ་དབྱེ་ནས་གནད་སྨིན་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དུས་ཚོད་ཐུང་ཤོས་ནང་གཙོ་གནད་ས་ཁོངས་འགག་སྒྲོལ་ཐུབ་པ་བྱེད་པ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱུན་གཏན་གྱི་སྤྱི་ཚོགས་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་བར་ཆ་རྐྱེན་བསྐྲུན་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་མུ་མཐུད་རང་འགུལ་ངང་རིམས་འགོག་སྐོར་གྱི་གཏན་འབེབས་ཁག་ལ་སྲུང་བརྩི་ནན་པོ་ཞུས་ནས། དམིགས་བསལ་དང་ཁ་ཚ་དགོས་གཏུགས་ཀྱི་དོན་དག་མེད་ཚེ་ཕྱིར་གཏན་ནས་མི་འགྲོ་བ་དང་། འགྲོ་རེས་མི་བྱེད་པ། འདུ་འཛོམས་མི་བྱེད་པ་བཅས་བྱེད་པ་དང་ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། མཉམ་འགོག་མཉམ་སྡོམ་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས། ང་ཚོས་ལས་དོན་སྒྲུབ་སྐབས་ཀྱི་མི་འདང་བའི་ཆ་ནན་ཏན་ངང་ལེགས་བཅོས་བྱས་ནས་གྲོང་མིའི་འཚོ་བའི་དངོས་ཟོག་གི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཀྱི་ཡིན། གྲོང་མི་ཡོངས་ཀྱིས་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱས་པར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མར་ཐུགས་སུན་བཟོས་སོང་བས་དགོངས་བཞེས་ཡོད་པ་ཞུ།

    རྗེས་སོར་གྱི་དོ་དམ་དང་ཚོད་འཛིན་བྱེད་ཐབས་ལེགས་སྒྲིག་བྱེད་དགོས་ཚེ་གནས་ཚུལ་ལ་གཞིགས་ནས་ལོགས་སུ་ཡོངས་བསྒྲགས་བྱ་རྒྱུ་ཡིན། 

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས། 

    2022ལོའི་ཟླ་8ཚེས་21ཉིན། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།