དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་གྱི་བཀག་སྡོམ་ཚོད་འཛིན་ཁུལ་ཆུང་དུ་ཕེབས་ནས་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་འབྲེལ་སྨན་དོན་མི་སྣར་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-21

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ལས་ཀའི་བླང་བྱ་ལྟར་ཚེས་18དང་ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་བཀག་སྡོམ་ཚོད་འཛིན་ཁུལ་ཆུང་དུ་ཕེབས་ནས་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་མ་ཟད། འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲིའང་གནང་བ་རེད།

    ཧྲེན་ཧུའུ་མེ་ཏོག་ལྡུམ་རའི་ཁུལ་དང་པོའི་ས་ཁོངས་ཁག་གཅིག་ཉེན་ཡོད་ཁུལ་དུ་གཏན་འཁེལ་བྱས་པ་རེད། ཡན་ཅིན་ཧའེ་དེར་ཕེབས་ནས་འཐབ་ས་དང་པོའི་རིམས་འགོག་ལས་དོན་མི་སྣ་དང་བང་བསྒྲིགས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་ཡོང་མཁན་མང་ཚོགས་དང་སྤེལ་རེས་གནང་བ་དང་སྡེ་ཁུལ་གྱི་དོ་དམ་དང་འཚོ་བའི་འགན་ལེན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཡན་ཅིན་ཧའེ་ཡིས་དམ་ནན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཀྱིས་ཁྱེད་ཚོའི་འཚོ་བར་རྙོག་དྲ་བཟོས་ཡོད་མོད། འོན་ཀྱང་དེ་ལྟར་བྱེད་དོན་ནི་ཕྱིས་སུ་དེ་བས་སྟབས་བདེ་ཡོང་ཆེད་རེད། ཏང་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱ་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་སེམས་གཅིག་སྒྲིལ་བྱས་ཚེ་རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ཚང་མས་རང་ངོས་འགོག་སྲུང་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་གཞོགས་འདེགས་ཡག་པོ་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བའི་དྲང་ནུས་བརྒྱུད་སྤྲོད་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རིང་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཡིན་པ་དང་རྒྱ་ཆེའི་སྨན་དོན་མི་སྣས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་དམག་འཐབ་ནང་ཞུགས་ཡོད། དུས་ཆེན་སླེབས་ཉེའི་མཚམས་སུ་གཞིས་རྩེའི་དམིགས་བཙུགས་སྐྱོབ་བཅོས་སྨན་ཁང་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སོགས་སུ་ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་སྨན་དོན་མི་སྣར་བླ་ན་མེད་པའི་གུས་འདུས་ཞུས་པ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དམིགས་བསལ་དུས་སྐབས་སུ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཏང་དང་མི་དམངས་ལ་དགོས་མཁོ་ཡོད་དུས་ཚང་མས་ཉིན་མཚན་དབྱེར་མེད་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཚེ་སྲོག་ལ་གུས་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་འདོད་པ། བྱམས་སེམས་ཆེ་མོ”བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་གསལ་འགྲེལ་བྱས་ཡོད། ཚང་མ་སྐུ་ལས་ཁག་སོང་། དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ། ཚང་མས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ནས་དུས་ཚོད་དང་འགྲན་པ་དང་ནད་དུག་དང་འཐབ་སྟེ་ནུས་ཤུགས་ཡོད་རྒུས་རིམས་འགོག་ལ་རྒྱལ་ཁ་ལེན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ད་དུང་རིམས་ནད་རིག་པའི་བརྟག་དཔྱད་དང་། “གདགས་གཤིས”རྩད་གཅོད། ནད་དུག་གི་ཁུངས་སྣེ་འདེད་པ་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་གནང་བ་དང་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྐོག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།