དབུ་ཤོག>སྲིད་དོན།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-18

    ཚེས་15དང་ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུའང་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་བརྟག་ཞིབ་ནང་ལྷན་དུ་ཕེབས་ཡོད་པ་རེད།

    ཡུས་ཞུའེ་ཅུན་དང་ཡན་ཅིན་ཧའེ་དང་བཅས་པ་སྔ་རྗེས་སུ་ལོགས་འཇོག་བྱ་ཡུལ་དང་། གནས་གཏན་འཁེལ་གྱི་སྨན་ཁང་། བཀག་སྡོམ་ཁུལ་ཆུང་སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་སྨན་བཅོས་སྐྱོབ་བཅོས་དང་། གདུབ་ཟུམ་དོ་དམ། གཅིག་སྡུད་ལོགས་འཇོག ཉིང་སྐྱུར་བརྟག་དཔྱད། དངོས་ཟོག་འགན་ལེན་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཆེད་ལས་རང་བཞིན་གྱི་མཛུབ་ཁྲིད་བསམ་འཆར་ཡང་བཏོན་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཡུས་ཞུའེ་ཅུན་གྱིས་དགོས་གཏུགས་ཀྱི་བསམ་པ་དང་། འགན་འཁྲི་འཁུར་སེམས། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། དྲི་བ་གཅིག་པར་ཐུན་མོང་ཐོག་ལན་འདེབས་པ་དང་། དཀའ་ངལ་མཉམ་སེལ། ཕྱར་བ་གྲུ་འདེགས་བཅས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས། གང་མགྱོགས་ནད་བཤེར་མཐིལ་རྟོགས་མཐའ་གཅིག་ཏུ་བྱས་ནས་རིམས་ནད་མཆེད་ལམ་གང་མགྱོགས་བཀག་སྡོམ་བྱེད་དགོས། དམངས་འཚོ་འགན་ལེན་མཐའ་གཅིག་ཏུ་ཡག་པོ་བྱེད་པ་དང་། སེམས་ཁུར་དང་སེམས་གསོ་གཏོང་བའི་ལས་དོན་ནན་ཏན་དང་ཞིབ་ཚགས་ངང་སྒྲུབ་པ། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་དང་སྨན་བཅོས་ཀྱི་དགོས་མཁོ་འགན་ལེན་བཅས་བྱས་ནས་དམངས་འཚོ་བརྟན་པོ་དང་། མི་སེམས་ལྷོད་པོ། འགན་ལེན་བརྟན་པོ། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བར་བྱེད་དགོས། ཕྱིར་དོན་རྒྱུ་འགོག་པའི་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་དེ་གར་ལུས་པའི་ཡུལ་སྐོར་བ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལོག་རྒྱུའི་ཇུས་གཞི་བཀོད་སྒྲིག་བྱེད་དགོས། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་དོ་དམ་མཐའ་གཅིག་ཏུ་བྱས་ཏེ་གནས་གཏན་འཁེལ་གྱི་སྨན་ཁང་དང་། སྒྲོམ་ཚང་སྨན་ཁང་། ལོགས་འཇོག་བྱ་ཡུལ་བཅས་ལ་དོ་དམ་ཡག་པོ་བྱས་ནས་གཙོ་གནད་ཁུལ་དང་གཙོ་གནད་མི་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཚན་རིག་དང་མཐུན་པའི་ངང་བྱ་ཐབས་ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་རིམས་འགོག་ལས་དོན་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    ཡན་ཅིན་ཧའེ་ཡིས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཉིང་སྐྱུར་བརྟག་དཔྱད་མགྱོགས་སུ་གཏོང་བའི“འགག་སྒྲོལ་དམག་འཐབ”ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་སྟེ་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། མགྱོགས་མྱུར་སྟོབས་ཤུགས་བཀོད་སྒྲིག་དང་བརྟག་དཔྱད་བྱེད་ས་བཀོད་སྒྲིག་ཞིབ་ཚགས་བྱས་ནས་མགྱོགས་མྱུར་མ་དཔེ་བསྡུ་ལེན་དང་། མགྱོགས་གྱུར་བརྟག་དཔྱད་ལ་སྐྱེལ་བ། མགྱོགས་མྱུར་བརྟག་དཔྱད་བྱེད་པ། མགྱོགས་མྱུར་ཚུར་ལན་སྤྲོད་པ་བཅས་ཐུབ་པར་བྱས་ཏེ་བརྟག་དཔྱད་བྱེད་དགོས་རིགས་ཚང་མར་བརྟག་དཔྱད་བྱེད་ཐུབ་པ་བྱེད་དགོས། རིམས་ནད་རིག་པའི་བརྟག་དཔྱད་ཁུངས་འདེད་མགྱོགས་སུ་གཏོང་བའི“འགག་སྒྲོལ་དམག་འཐབ”ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས་ཐད་འབྲེལ་པ་མགྱོགས་མྱུར་ལོགས་འཇོག་དང་དོ་དམ་ཚོད་འཛིན་བྱེད་པ་དང་། དོ་དམ་ཚོད་འཛིན་དང་ཞབས་ཞུ་དོ་དམ་ཚད་ལྡན་དང་ཞིབ་ཚགས་ངང་བྱེད་པ། ལོགས་འཇོག་བྱེད་དགོས་རིགས་ཚང་མ་ལོགས་འཇོག་བཅས་བྱས་ཏེ་ཕན་ཚུན་དབར་རིམས་ནད་མི་འགོས་སྔོན་འགོག་བྱེད་དགོས། གདགས་གཤིས་ཡིན་པའི་ཐད་འབྲེལ་པ་གཙང་སེལ་གྱི“འགག་སྒྲོལ་དམག་འཐབ”ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས་ཉེན་ཁ་ཕྱིར་མི་གྱར་བ་བྱེད་དགོས། ལོགས་འཇོག་བྱ་ཡུལ་གྱི་སྒྲོམ་ཚང་རྒྱ་བསྐྱེད་འཛུགས་སྐྲུན་གྱི“འགག་སྒྲོལ་དམག་འཐབ”ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས་ཉིན་མཚན་དབྱེར་མེད་ངང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་ལེ་ལག་ཚད་ལྡན་དུ་བཏང་ནས་གྲ་སྒྲིག་ཨང་བསར་གྱིས་ཆག་སྒོ་མི་ཡོང་བ་བྱེད་དགོས། དེ་དང་དུས་མཚུངས། རྒྱུན་རིང་དམག་འཐབ་རྒྱག་པའི་བསམ་བློའི་གྲ་སྒྲིག་དང་། རྩ་འཛུགས་ཀྱི་གྲ་སྒྲིག སྟོབས་ཤུགས་ཀྱི་གྲ་སྒྲིག དངོས་ཟོག་གི་གྲ་སྒྲིག་བཅས་ཡག་པོ་བྱས་ནས་སྒྲིག་འཛུགས་སྐུལ་སློང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། གྲོང་མིའི་འཚོ་བའི་དངོས་ཟོག་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་15ཉིན་གྱི་སྔ་དྲོ་ཡན་ཅིན་ཧའེ་ཡིས་བསམ་གྲུབ་རྩེ་ཆུས་ནས་རྒྱལ་རྩེ་རྫོང་བར་གྱི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་ས་ཚིགས་དང་། རྒྱལ་རྩེ་རྫོང་ལྟེ་བའི་སྨན་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྐོག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།