ཟླ་8ཚེས་13ཉིན་གྱི་ཕྱི་དྲོ་དང་། ཚེས་14ཉིན་གྱི་སྔ་དྲོ། ཚེས་15ཉིན་གྱི་སྔ་དྲོ་བཅས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་རྣམ་པའི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཕེབས་ཏེ། རིམས་འགོག་ལས་དོན་གྱི་དཀའ་གནད་དང་། གནད་ས། འགག་ས་བཅས་ལ་བཅོས་སྒྲིག་དང་སྐུལ་འདེད་གཏོང་བར་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་སླར་ཡང་སྐུལ་སློང་དང་། སླར་ཡང་སྐུལ་འདེད། སླར་ཡང་དོན་འཁྱོལ་བཅས་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ཧྭ་ཏ་རྒྱུད་གཞི་བརྟག་དཔྱད་ས་ཚིཌ་སུ་མི་སྣ་བཀོད་སྒྲིག་དང་། དཔེ་ལེན་བརྟག་དཔྱད་བརྒྱུད་རིམ། དཔེ་སྐྱེལ་ཐེངས་གྲངས་སོཌ་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
◆ མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ་དང་། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཞིབ་ཚགས་གནད་སྨིན་ངང་དོན་འཁྱོལ་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།
ཚེས་13ཉིན་གྱི་ཕྱི་དྲོ་དང་། ཚེས་14ཉིན་གྱི་སྔ་དྲོ། ཚེས་15ཉིན་གྱི་སྔ་དྲོ་བཅས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་རྣམ་པའི་ཐོག་ནས་སྡེ་ཁུལ་དང་། དཔེ་ལེན་ས་ཚིགས། བརྟག་དཔྱད་ས་ཚིགས། ལོགས་འཇོག་ས་ཚིགས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཕེབས་ཏེ། རིམས་འགོག་ལས་དོན་གྱི་དཀའ་གནད་དང་། གནད་ས། འགག་ས་བཅས་ལ་བཅོས་སྒྲིག་དང་སྐུལ་འདེད་གཏོང་བར་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་སླར་ཡང་སྐུལ་སློང་དང་། སླར་ཡང་སྐུལ་འདེད། སླར་ཡང་དོན་འཁྱོལ་བཅས་གནང་ཞིང་།
ཁོང་གིས་ད་དུང་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ་དང་། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཞིབ་ཚགས་ངང་གནད་སྨིན་ངང་དོན་འཁྱོལ་བྱས་ཏེ། ནུས་སེམས་གཅིག་སྒྲིལ་གྱིས་རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། ཟླ་བ་ཚེ་རིང་། ཀྲང་ཧུང་པོ་བཅས་ཞུགས་ཡོད།
རིམས་ནད་གློ་བུར་དུ་ཐོན་ཚུན། རྒྱ་ཆེའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་རྒྱུན་གཏན་གྱི་སྨན་བཅོས་དགོས་མཁོ་འགན་ལེན་ཐུབ་མིན་ཐད་ཝང་ཅུན་ཀྲེང་གིས་ཐུགས་ཁྲལ་གནང་གི་ཡོད། ལྷ་ཞབས་གླིང་ཕྲན་སྐྱེ་ཁམས་ཁུལ་ཆུང་གི་གཞོགས་ནུབ་ཀྱི་སྤྱི་ཤག་ནང་། དཔུང་རྟགས་དམར་པོ་བཏགས་པའི་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་གཤམ་སྐྱོད་ལས་བྱེད་པ་ལས་རེས་བྱེད་བཞིན་ཡོད། “སྡེ་ཁུལ་མང་ཚོགས་ཀྱི་འཚོ་བ་གང་འདྲ་འདུག་གམ”“དཀའ་ངལ་དང་བསམ་འཆར་གང་ཡོད་དམ”ཞེས་ཝང་ཅུན་ཀྲེང་གིས་ལམ་བགེགས་ཀྱི་མདུན་ནས་ལས་དོན་མི་སྣ་དང་སྤེལ་རེས་གནང་སྟེ། རིམས་ནད་ཐོན་རིང་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཁོ་ཆས་འགན་ལེན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རིམས་ནད་མཆེད་རྒྱ་ཆེ་རུ་མི་འགྲོ་བ་བྱ་རྒྱུའི་འགག་རྩ་དེ་གཞི་རིམ་ལ་ཐུག་པ་དང་གཙོ་གནད་དེ་སྡེ་ཁུལ་དུ་ཡོད་པས། འགག་སྒོ་མདུན་སྤོས་དང་མི་སྣ་གཤམ་སྐྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་ནན་འགོག་བརྟན་སྲུང་བྱེད་དགོས། དྲ་ཐོག་ནས་མངགས་ཉོ་དང་དྲ་ཕྱི་ནས་སྡེབ་སྐྱེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་ལེན་ནུས་ལྡན་དང་། རིན་གོང་བརྟན་པོ། ཐབས་ལམ་ཤར་གཏོང་བཅས་ཡོང་བའི་འགན་ལེན་བྱེད་དགོས། གཤམ་སྐྱོད་ལས་བྱེད་པ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣ། དང་བླངས་པ་བཅས་ནི་མང་ཚོགས་དང་ཐག་ཉེ་ཤོས་དང་ཚོར་སྐྱེན་རྣོ་ཤོས་ཡིན་པས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་དང་བསམ་བློ་དང་སེམས་ཁམས་ཀྱི་ཁྲིད་སྟོན་ཡག་པོ་བྱེད་དགོས་ཤིང་། རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་བ་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བ་བྱ་རྒྱུའི་དྲིལ་བསྒྲགས་དང་སྐུལ་སློང་བྱེད་དགོས་ཞེས་གསུངས་པ་རེད།
“ཉིན་གཅིག་ལ་མ་དཔེ་ག་ཚོད་ལེན་ཐུབ་བམ། བརྟག་དཔྱད་ག་ཚོད་བྱེད་ཐུབ་བམ”“བརྟག་དཔྱད་བྱས་འབྲས་རྒྱུན་གཏན་དང་མི་འདྲ་བ་ཤེས་རྟོགས་བྱུང་ཚེ་འབྲེལ་གཏུག་དང་ཐག་གཅོད་གང་འདྲ་བྱེད་ཀྱི་ཡོད་དམ”འཇག་མ་གླིང་ཁ་གྲོང་མི་ཨུ་ལྷན་གྱི་དཔེ་ལེན་ས་ཚིགས་དང་། ཧྭ་ཏ་རྒྱུད་གཞི་བརྟག་དཔྱད་ས་ཚིགས། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་བཅས་ནས་ཝང་ཅུན་ཀྲེང་གིས་མི་སྣ་བཀོད་སྒྲིག་དང་། དཔེ་ལེན་བརྟག་དཔྱད་བརྒྱུད་རིམ། དཔེ་སྐྱེལ་ཐེངས་གྲངས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། དཔེ་ལེན་དང་། དཔེ་སྐྱེལ། བསྐྱར་ཞིབ་བཅས་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུར་དམིགས་ཏེ་རིགས་གཅིག་མཁས་ཅན་དང་མཉམ་དུ་དབྱེ་ཞིབ་བརྡར་གཅོད་ཀྱང་གནང་བ་རེད། ཁོང་གིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་དཀའ་ཁག་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པས། ངེས་པར་དུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་དཀའ་གནད་སེལ་བའི་ཐོག་སྤྱོད་པ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་སྔོག་འདོན་གྱིས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དེ་བས་མགྱོགས་པ་དང་དེ་བས་སྤུས་ཚད་མཐོ་པོ་ཡོང་བའི་འགན་ལེན་བྱས་ནས་གང་མགྱོགས་གནས་ཚུལ་མཐིལ་རྟོགས་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད། ལས་དོན་མི་སྣས་བཏོན་པའི་དཀའ་ངལ་ལ་དམིགས་ཏེ། ཝང་ཅུན་ཀྲེང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་དམིགས་བསལ་གྱི་བྱ་བ་ཞིག་ཡིན་པས་དམིགས་བསལ་དུ་སྒྲུབ་དགོས་པ་དང་། ལས་དོན་འབྲེལ་མཐུད་དམ་ཟབ་དང་ལས་ཕྱོད་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཡོན་ཧྥུང་ཧོ་པེ་གསོལ་མགྲོན་ཁང་དང་། མིང་ཧྲན་ཧྲེང་རུའེ་སེའི་གསོལ་མགྲོན་ཁང་། མིང་ཧྲན་དངུལ་ཟམ་གསོལ་མགྲོན་ཁང་། ཞིའི་ཨན་གསོལ་མགྲོན་ཁང་སོགས་ཀྱི་ལོགས་འཇོག་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་ལོགས་འཇོག་ལས་དོན་སྤེལ་སྒྲུབ་དང་། ཞབས་ཞུ་འགན་ལེན། སྟོབས་ཤུགས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ད་དུང་ལས་དོན་མི་སྣར“ནན་པོ”གཙོ་བོར་འཛིན་པ་དང་། ལོགས་འཇོག་ས་ཚིགས་ལ་ཚན་རིག་དང་མཐུན་པའི་ངང་དོ་དམ་ནན་པོ་བྱེད་པ། རང་ངོས་ཀྱི་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕན་ཚུན་མི་འགོ་བ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཀའ་མངགས་ཡང་ཡང་གནང་བ་རེད། སྔར་ལས་འཐུས་ཚང་ཞིབ་ཚགས་ཀྱི་སྒོ་ནས་ལོགས་འཇོག་མི་སྣའི་དོ་དམ་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ། མི་ཆོས་སེམས་ཁུར་དང་སེམས་ཁམས་ཁྲིད་སྟོན་གྱི་བྱ་ཐབས་ཁག་གཏིང་ཟབ་པོ་དང་ཞིབ་ཚགས་པོ་ཡོང་བར་བྱས་ནས་ལོགས་འཇོག་མི་སྣར་སྨན་བཅོས་དངོས་ཟོག་དུས་ཐོག་ཏུ་སྤྲོད་དགོས་པ་དང་། ལོགས་འཇོག་མི་སྣས་བཏོན་པའི་དཀའ་ངལ་དང་རེ་ཞུར་དུས་ཐོག་ཏུ་བརྡ་ལན་སྤྲོད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བཅས་སུ་ཕེབས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སྐབས་བསྟུན་ཞིབ་བཤེར་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་བཀོད་གཏོང་ཡང་གནང་ཞིང་། ཁོང་གིས། རྒྱ་ཆེའི་མང་ཚོགས་སྔར་བས་སྐུལ་སློང་དང་རིམ་ཁག་ལས་བྱེད་པ་ཚང་མར་བསམ་བློའི་གྲ་སྒྲིག་ཡོད་པ་བྱས་ཏེ་བློ་སེམས་གཅིག་སྒྲིལ་དང་། དུས་ངལ་མཉམ་སེལ། རིམས་ནད་འགོག་རྒོལ་བཅས་བྱེད་པའི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པ་དང་། ལེབ་སྙོམས་ཅན་གྱི་བཀོད་འདོམས་མ་ལག་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“འགོ་གཙོ་དང་པོས”འཐབ་ས་དང་པོར་བསྐྱོད་པ་དང་མདུན་དུ་བསྐྱོད་ནས་བཀོད་འདོམས་བྱས་ཏེ། གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་། བློ་ཁོག་ཆེན་པོས་ཇུས་འགོད། འཕྲལ་ཐག་ཆོད་པོས་ཐག་གཅོད་བཅས་བྱེད་དགོས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམག་འཐབ་དྲག་པོ་རྒྱག་པའི་དམག་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་གང་ལེགས་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་དུ། ཏང་གཤིས་སྦྱོང་བརྡར་དང་ལག་ལེན་གྱི་ཞིབ་དཔྱད་རང་རྟོགས་ངང་དང་ལེན་བྱས་ཏེ་དུས་རབས་གསར་པའི་ཏང་ཡོན་གྱི་འགན་འཁྲི་འཁུར་སེམས་མངོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྟ་སྐུལ་ཞིབ་བཤེར་གནང་རིང་། ཝང་ཅུན་ཀྲེང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་སྡེ་ཚན་དང་ལས་དོན་མི་སྣར་ལྷག་པའི་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ལ་སྐྱོན་བརྗོད་ནན་པོ་གནང་ཞིང་། ཁོང་གིས། རིམ་ཁག་སྡེ་ཚན་ཁག་ལ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ། འགན་འཁྲི་ཕྲག་ཏུ་འཁུར་བ་དང་ལས་འགན་དང་དུ་བླངས་ནས་གནད་དོན་དངོས་དང་ལྷག་པར་དུ་དགོས་གལ་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ལས་ཀའི་ཁྲིད་སྟོན་དུ་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་འཆང་ལུགས་མཚོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
“ཚང་མ་དཀའ་ལས་ཁག་སོང་། ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས”ཞེས་ཝང་ཅུན་ཀྲེང་གིས་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ལས་དོན་མི་སྣ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ་སྙིང་དབུས་ནས་ཐུགས་རྗེ་ཆེའང་ཞུས་ཤིང་། ཁོང་གིས། རྒྱ་ཆེའི་འཐབ་ས་དང་པོའི་སྔོན་འགོག་དང་ཚོད་འཛིན་བྱེད་མཁན་མི་སྣས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཉིན་མཚན་བལྟོས་མེད་དུ་འབད་འཐབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་བདེ་ཐང་སྲུང་ཆེད་སེམས་ནུས་ཡོད་རྒུ་བཏོན་ཡོད། དེས་ན་འཐབ་ས་དང་པོའི་རིམས་འགོག་མི་སྣར་དོ་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་མ་ཟད། ད་དུང་ཁོང་ཚོར་འཐབ་ས་དང་པོར་དཀའ་ངལ་ལ་མ་འཛེམས་པར་འབད་འཐབ་བྱས་ནས། ཐུན་མོང་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ལྕག་སྐུལ་བྱེད་དགོས་ཞེས་གསུངས་པ་རེད།