དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་རིམས་ནད་སྐོར་གྱི་སྤྱི་བསྒྲཊ་ཨང་19པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-16

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།

    【2022】ཡིག་ཨང་19པ།

    དང་པོ། ནད་དུག་འགོས་མཁན་ཁྱབ་ཚུལ། 

    ཟླ་8ཚེས་14ཉིན་གྱི་ཆུ་ཚོད་0ནས་24བར་ལྷ་ས་གྲོང་ཁྱེར་དུ་ཡུལ་དེ་རང་གི་ཏོག་གསར་ནད་དུག་འགོས་པ་337མང་དུ་ཕྱིན་ཞིང་། དེའི་ནང་གཏན་འཁེལ་ནད་དཔེ་16དང་རྟགས་མེད་ནད་དུག་འགོས་པ་321ཡོད། ཟླ་8ཚེས་14ཉིན་གྱི་ཆུ་ཚོད་24བར་གྲོང་ཁྱེར་ཡོངས་ནས་རིམ་རྩིས་བྱས་ན། ཏོག་གསར་ནད་དུག་འགོས་པ་845ཡོད་པའི་སྙན་ཞུ་འབྱོར་ཞིང་། ད་ལྟ་གཏན་འཁེལ་ནད་དཔེ་25དང་རྟགས་མེད་ནད་དུག་འགོས་པ་820ཡོད་པ་རེད། 

    (གཅིག)ཁྲེང་ཀོན་ཆུས་སུ། ཉིན་དེ་རང་ལ་ནད་དཔེ་295མང་དུ་ཕྱིན་པ།(གཏན་འཁེལ་ནད་དཔེ་14དང་རྟགས་མེད་ནད་དུག་འགོས་པ་281) ཁྱོན་ནད་དཔེ770ཡོད་པ(གཏན་འཁེལ་ནད་དཔེ་22དང་རྟགས་མེད་ནད་དུག་འགོས་པ་748) 

    (གཉིས)སྟོད་ལུང་བདེ་ཆེན་ཆུས་སུ། ཉིན་དེ་རང་ལ་ནད་དཔེ་23མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་23) ཁྱོན་ནད་དཔེ30ཡོད་པ།(རྟགས་མེད་ནད་དུག་འགོས་པ30)

    (གསུམ)སྟག་རྩེ་ཆུས་སུ། ཉིན་དེ་རང་ལ་ནད་དཔེ་3མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་3)ཁྱོན་ནད་དཔེ7ཡོད་པ།(རྟགས་མེད་ནད་དུག་འགོས་པ7)

    (བཞི)མལ་གྲོ་གུང་དཀར་རྫོང་དུ། ཉིན་དེ་རང་ལ་ནད་དཔེ་3མང་དུ་ཕྱིན་པ།(གཏན་འཁེལ་ནད་དཔེ་2དང་རྟགས་མེད་ནད་དུག་འགོས་པ1)ཁྱོན་ནད་དཔེ15ཡོད་པ།(གཏན་འཁེལ་ནད་དཔེ་3དང་རྟགས་མེད་ནད་དུག་འགོས་པ12) 

    (ལྔ)ཆུ་ཤུར་རྫོང་དུ། ཉིན་དེ་རང་ལ་ནད་དཔེ་10མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ10)ཁྱོན་ནད་དཔེ14ཡོད་པ།(རྟགས་མེད་ནད་དུག་འགོས་པ14) 

    (དྲུག)འདམ་གཞུང་རྫོང་དུ།  ཉིན་དེ་རང་ལ་ནད་དཔེ་3མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ3)ཁྱོན་ནད་དཔེ9ཡོད་པ།(རྟགས་མེད་ནད་དུག་འགོས་པ9) 

    གཉིས་པ། ཉེན་ཁའི་ཁུལ་དབྱེ་བ། 

    ཉེན་ཁ་ཆེ་འབྲིང་ཁུལ་དབྱེ་བའི་ཚད་གཞི་དང་ནད་དུག་འགོས་མཁན་གྱི་འགུལ་སྐྱོད་གནས་ཚུལ་ལ་གཞིགས་ནས། ཟླ་8ཚེས་14ཉིན་གྲོང་ཁྱེར་ཡོངས་སུ་ཉེན་ཁ་ཆེ་བའི་ཁུལ་2དང་ཉེན་ཁ་འབྲིང་བའི་ཁུལ་12གསར་དུ་དབྱེ་ཡོད། 

    (གཅིག)ཁྲེང་ཀོན་ཆུས། 

    ཉེན་ཁ་ཆེ་བའི་ཁུལ་1ནི།  ཁྲོམ་གཟིགས་སྒང་ཚོང་ར། 

    ཉེན་ཁ་འབྲིང་བའི་ཁུལ་10ནི། ཁྲིམས་འཛིན་ཁུལ་ཆུང་དང་། གྲོང་བྱང་ཞིམ་ཟས་གྲོང་། ཁྲེང་ཀོན་མེ་ཏོག་ལྡུམ་རAཁུལ། དགའ་སྐྱིད་ཁུལ་གསུམ་པ། དགའ་སྐྱིད་ཁུལ་དྲུག་པ། ཉང་བྲན་ལམ་བདེ་སྐྱིད་གྲོང་གསར། རྔ་ཆེན་ལམ་སྦྲག་སྲིད་སྐྱེལ་འདྲེན་གྲོང་གསར། སྦྲ་ནག་ཞོལ་སྲང་ལམ་དང་པོ། གྲོང་སྐོར་ལམ་གཉིས་པའི་ཚན་རྩལ་ཐིང་གི་རྒན་ཡོལ་ཞུས་པའི་ལས་བཟོའི་རྟེན་གཞིའི་སྟར་པ་གསུམ་པ། གྲོང་ཁྱེར་ཤར་འདབས་གནམ་གཤིས་ཅུས་ཀྱི་བདེ་སྡོད་གླིང་གི་སྟར་པ་གཉིས་པ། 

    (གཉིས)སྟོད་ལུང་བདེ་ཆེན་ཆུས། 

    ཉེན་ཁ་འབྲིང་བའི་ཁུལ་1ནི། ཧའེ་ལེང་ཞང་ཡུན་ཧྭ་ཧྥུའུ།(སྣེའུ་ཁུལ་གསར) 

    (གསུམ)ཆུ་ཤུར་རྫོང་། 

    ཉེན་ཁ་ཆེ་བའི་ཁུལ་1ནི། ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོའི་ཚོགས་ཆུང་5པ། 

    ཉེན་ཁ་འབྲིང་བའི་ཁུལ་1ནི། ཆུ་ཤུར་གྲོང་རྡལ་ཆུ་ཕུ་ལམ་བདེ་སྐྱིད་སྤྲོ་གསེང་གྲོང་ཚོ།

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།

    2022ལོའི་ཟླ་8ཚེས་15ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།