དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྷ་སར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། མཁོ་སྤྲོད་འགན་ལེན། རིན་གོང་བརྟན་པོ་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-14

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོགས་ཆུང་གསུམ་ལ་བགོས་ནས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་ཐོག་ནས་ལྷ་སར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། མཁོ་སྤྲོད་འགན་ལེན། རིན་གོང་བརྟན་པོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་དང་འཐབ་ཕྱོགས་དང་པོའི་རིམས་འགོག་མི་སྣར་བྱམས་བརྩེའི་ངང་གཟིགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།

    རེན་ཝེ་དང་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནས་ཚུལ་སྙན་སེང་ཞུས་པ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ཀྲང་ཧུང་པོ། ཝང་ཡུང་། སྒྲོལ་དཀར་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་སྐབས་བསྟུན་ངང་ཤ་གསར་ཟུར་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཆོས་སྒྲོན་གྱི་ཁྱིམ་དུ་ཕེབས་ནས་མང་ཚོགས་ཀྱི་འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཆོས་སྒྲོན་གྱིས་ས་གནས་ས་ཐོག་ཏུ་ལག་ཐོགས་ཁ་པར་སྤྱད་དེ་སྡེ་ཁུལ་ལ་དགོས་མཁོའི་ཆ་འཕྲིན་བཏང་མ་ཐག་དང་བླངས་པས་དུས་ཐུང་ནང་དངོས་ཟོག་སྐྱེལ་གྱི་ཡོད་པ་རེད། ཡན་ཅིན་ཧའེ་ཡིས་དགྱེས་ཚོར་ཆེན་པོས་ང་ཚོས་དམངས་སེམས་གཅིག་མཐུན་དང་དཀའ་སྤྱད་འབད་བརྩོན་བྱས་ཚེ་མང་ཚོགས་བློ་བདེ་ལ་སེམས་སྐྱིད་པའི་འཚོ་བ་སྐྱེལ་ཐུབ་པ་དང་། རིམས་ནད་འགོག་བཅོས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གཅིག་ཏུ་འགྲིལ་ཐུབ་པ། ནད་ཡམས་སྔོན་འགོག་གི་དམག་འཐབ་ལ་རྒྱལ་ཁ་སྔ་ཙམ་ཐོབ་པ་བཅས་ཡོང་ངེས་རེད་ཅེས་གསུངས་པ་དང་། ཀརྨ་དགོན་གསར་ཁྲོམ་གཞུང་ལམ་བྱང་སྡེ་ཁུལ་ར་མོ་ཆེ་ཁུལ་ཆུང་དུ་ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་དང་། ཉིང་སྐྱུར་བརྟག་དཔྱད། ལོགས་འཇོག་བརྒྱུད་སྐྱེལ། མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ཚང་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།

    ཚོགས་འདུའི་ཐོག་ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མི་སེར་གྱི“བཟའ་འབྲུ”དང“ཤ་ཚལ་སྒོང་གསུམ”མཁོ་སྤྲོད་བརྟན་པོ་ཐུབ་མིན་དེ་ནི་རིམ་ཁག་སྲིད་གཞུང་གི་ཐོག་མའི་བསམ་འདུན་ལ་ཞིབ་དཔྱད་དངོས་བྱས་པ་ཞིག་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་བློ་བརྟན་འགྱུར་མེད་ངང་མཁོ་སྤྲོད་འགན་ལེན་བྱས་ནས་ཁྲོམ་རའི་མཁོ་སྤྲོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས། “ལྗང་མདོག་བགྲོད་ལམ”ཤར་གཏོང་བྱས་ནས་ས་ཁོངས་ལས་བརྒལ་བའི་ཟོག་ཁུངས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་སྟེ་གསོག་འཇོག་དང་། གཏོང་འདྲེན། སྡེབ་ཚོང་། སིལ་ཚོང་སོགས་ཀྱི་ལྷུ་ཚིགས་ཤར་གཏོང་ཐུབ་པར་བྱས་ནས“རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་བྲིན་ཚོང་བྱེད་པ”དང“ཟོག་གོང་ཧམ་སྤོར་བྱེད་པ” “སྡེབ་གསོག་བྱེད་པ”བཅས་ཀྱི“སེམས་ནག་ཚོང་པ”ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་ཁག་གིས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོད་པའི་གནས་ཚུལ་གཏོང་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོད་པའི་ཆ་འཕྲིན་ཡོངས་བསྒྲགས་འཐུས་སྒོ་ཚང་དུ་བཏང་ནས་ཡོངས་བསྒྲགས་དང་། ཁ་གསལ། དུས་ཐོག འཕྱུགས་པ་མེད་པ་བཅས་ཡོང་བར་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཤར་བགྲོད་ཐུབ་པ་དང་། “བགྲོད་ལམ་ཆེན་པོ”ཤར་བགྲོད་ཐུབ་པ། “འཁོར་སྐྱོད་ཕྲ་མོ”ཤར་བགྲོད་ཐུབ་པ། “ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཀྱི་ལྗང་མདོག་བགྲོད་ལམ་སྐྲུན་པ། རླངས་འཁོར་ཁ་མི་བཀག་པ། ཞིབ་བཤེར་མི་བྱེད་པ། རིན་མི་ལེན་པ། སྔོན་ལ་སྟབས་བདེའི་ངང་ཤར་བགྲོད་ཐུབ་པ་བཅས་དོན་འཁྱོལ་ནན་པོ་བྱེད་དགོས། ལས་སྟེགས་ཁེ་ལས་དང་མྱུར་སྐྱེལ་ཀུང་སི་སོགས་ཀྱིས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་སྡེབ་སྐྱེལ་གྱི་སྟོབས་ཤུགས་ཁ་གསབ་བྱས་ནས་ཁྱིམ་དུ་ཞབས་ཞུ་ཡག་པོ་བསྒྲུབས་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱིའི་བླང་བྱ་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་མྱུར་སྐྱེལ་བ་དང་ཕྱིར་ཚོང་བ་སོགས་ལ“མིང་ཐོ་དཀར་པོའི”ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། གཙོ་གནད་དོ་དམ་ཚོད་འཛིན་ས་ཁོངས་སུ་དྲ་ཐོག་ཚོང་དོན་ལས་སྟེགས་དང་དེ་བཞིན་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གི་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པའི“ཐོགས་མེད་བགྲོད་ལམ”བཏོད་དེ། “འབྲེལ་གཏུག་མེད་པའི”ཚལ་ཉོ་རྒྱུར་ལྕག་སྐུལ་གཏོང་བའམ་ཡང་ན་སྡེ་ཁུལ་ནས་གཅིག་གྱུར་ཐོག་ཐོག་ཁང་དང་དུད་ཁྱིམ་དུ་སྐྱེལ་རྒྱུར་ལྕག་སྐུལ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་བྱེད་དགོས་པ་དང་ལྷག་པར་དུ་མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། ནད་གཞི་ལྕི་པོ་དང་དབང་སྐྱོན་ཚབས་ཆེན། འགྲོ་སྐྱོད་མི་བདེ་བ་སོགས་ཀྱི“གཅིག་གཏད་གཅིག”གི་ཞབས་འདེགས་ཡག་པོ་ཞུས་ནས་རིན་གོང་གི་གནས་སྐབས་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་དགོས། སྨན་བཅོས་དགོས་མཁོ་གཅིག་གྱུར་འཆར་འགོད་བྱས་ཏེ། འཕྲལ་སྡོམ་རོགས་སྐྱོབ་ཁ་པར་དང“ལྗང་མདོག་བགྲོད་ལམ”ཤར་གཏོང་ཐུབ་པར་བྱས་ཐོག བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་འགན་ལེན་བྱས་ནས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་མི་ཐོན་པ་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།