དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་རིམས་ནད་སྐོར་གྱི་སྤྱི་བསྒྲཊ་ཨང་14པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-13

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་14པ།

    དམིགས་བསལ་དུས་སྐབས་ལ་དམིགས་བསལ་འཁོར་རིགས་རྒྱུན་གཏན་བཞིན་འགྲོ་སྐྱོད་ཐུབ་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

    ལྷ་ས་གྲོང་ཁྱེར་ནང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་དང་སྨན་བཅོས་སྙིགས་རོ་བརྒྱུད་འདྲེན་འཁོར་རིགས་དང་། འབྲེལ་འདྲིས་དམ་ཟབ་དང་བརྒྱུད་འབྲེལ་བྱུང་མཁན་དབོར་འདྲེན་རླངས་འཁོར། འཚོ་བའི་གད་སྙིགས་དབོར་མཁན་དང་། དེ་བཞིན་ཆུ་དང་། གློག དྲ་བ། སོལ་རླངས་བཅས་མྱུར་བཟོ་བྱེད་མཁན་རླངས་འཁོར་ལ་ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་འཁོར་རིགས་ཀྱི་ཆེད་སྤྱོད་འགྲོ་སྐྱོད་ལག་ཁྱེར(གནས་སྐབས་བེད་སྤྱོད)གཅིག་གྱུར་ཐོག་གཉེར་རྒྱུ་ཡིན་པས། འབྲེལ་ཡོད་ཁེ་ལས་དང་བྱ་གཞག་སྡེ་ཚན་གྱིས་ལས་ཁུངས་ཀྱི་ངོ་སྤྲོད(གཞུང་ཐེལ་ཡོད་དགོས)བྲིས་ཏེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལྷོ་སྒོའི་སྒོ་འགྲམ་དུ་འགྲོ་ལུགས་གཉེར་དགོས།

    གསལ་འགྲེལ། ཆེད་སྤྱོད་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་གཞུང་དོན་སྒྲུབ་མཁན་རླངས་འཁོར་(སྒེར་འཁོར་ལ་གཏན་ནས་སྤྱོད་མི་ཆོག)ཁོ་ནས་མ་གཏོགས་སྤྱོད་ཆོག་གི་མེད་ཅིང་།  2022ལོའི་ཟླ་8ཚེས་12ཉིན་གྱི་ཐོ་རེངས་ཆུ་ཚོད་3ནས་ཟླ་8ཚེས་15ཉིན་གྱི་ཐོ་རེངས་ཆུ་ཚོད་3བར་གོ་ཆོད་ཀྱི་ཡོད།

    འབྲེལ་གཏུག་ཁ་པར་ཨང་གྲངས། 13989000268

    བརྙན་སྐྱེལ། 6369335

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།

    2022ལོའི་ཟླ་8ཚེས་13ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།