དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་རིམས་ནད་སྐོར་གྱི་སྤྱི་བསྒྲཊ་ཨང་13པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-13

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།

    【2022】 ཡིག་ཨང་13པ།

    2022ལོའི་ཟླ་8ཚེས་11ཉིན་གྱི་ཆུ་ཚོད་0—24བར། ལྷ་ས་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་1(ནད་རྟགས་མེད་པའི་ནད་དཔེ28གཏན་འཁེལ་ནད་དཔེར་གྱུར་བ)དང་ནད་རྟགས་མེད་པའི་ནད་དཔེ་28མང་དུ་ཕྱིན་ཡོད། ཟླ་8ཚེས་11ཉིན་གྱི་ཆུ་ཚོད་24བར། ལྷ་ས་གྲོང་ཁྱེར་ལ་གཏན་འཁེལ་བྱུང་བའི་ནད་དཔེ་5དང་ནད་རྟགས་མེད་པའི་ནད་དཔེ་68ཡོད་པ་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་ནད་རྟགས་མེད་པའི་ནད་དཔེ་ནས་གཏན་འཁེལ་བྱུང་བའི་ནད་དཔེར་གྱུར་བའི་ནད་པ་གཅིག་ལ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་བཞིན་ཡོད། གོང་གསལ་གྱི་ནད་རྟགས་མེད་པའི་ནད་པ་28ལ་གནས་གཏན་འཁེལ་གྱི་ལོགས་འཇོག་སྨན་བཅོས་བྱེད་པ་དང་འབྲེལ། དེ་དག་དང་འབྲེལ་འདྲིས་དམ་ཟབ་དང་བརྒྱུད་འབྲེལ་བྱུང་བའི་མི་སྣ་ལོགས་སུ་བཞག་ནས་དོ་དམ་ཚོད་འཛིན་བྱེད་བཞིན་ཡོད།

    ལྷ་ས་གྲོང་ཁྱེར་དུ་ཟླ་8ཚེས་11ཉིན་བར། ཉེན་ཁ་ཆེ་བའི་ཁུལ་6ཡོད་པ་སྟེ། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གི་ལམ་བྱང་སྡེ་ཁུལ་ས་ངོས་སྲུང་སྐར་ས་ཚིགས་ཀྱི་ཕྱོགས་རྐྱང་པའི་ལམ་གྱི་ནུབ་ངོས་ཀྱི་རང་སྐྲུན་སྡོད་ཁང་དང་། ཁྲེང་ཀོན་ཆུས་བདེ་སྡོད་གླིང་བདུན་པ། ཁྲེང་ཀོན་ཆུས་ནོར་སྟོད་ནུབ་ལམ་ཞིང་ལས་བཟོ་གྲྭ་གསར་པའི་སྒོ་རྟགས་5པ། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གནས་ཆུང་སྡེ་ཁུལ་གྱི་ཚོགས་ཆུང་3པའི་ཁུལ་ཆུང་67པ། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་སྐལ་བཟང་གྲོང་ཚོའི་ཚོགས་ཆུང་དྲུག་པ། མལ་གྲོ་གུང་དཀར་རྫོང་གཅེན་གཅུང་ཧྥིན་ལྷེབ་ཟ་ཁང་བཅས་ཡིན།

    ཉེན་ཁ་འབྲིང་བའི་ཁུལ་39ཡོད་པ་སྟེ། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གི་ལམ་བྱང་སྡེ་ཁུལ་ས་ངོས་སྲུང་སྐར་ས་ཚིགས་ཀྱི་ཕྱོགས་རྐྱང་པའི་ལམ་གྱི་ཤར་ངོས་ཀྱི་རང་སྐྲུན་སྡོད་ཁང་དང་། རང་སྐྱོང་ལྗོངས་རྩིས་བཤེར་ཐིང་། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་། རྩིས་བཤེར་ཐིང་གི་འཚོ་བའི་ཁུལ་གྱི་སྟར་པ་2པའི་ཚན་པ་2པ། ཧྥུའུ་ཁང་སྨན་ཁང(སྨན་ཁང་ཨ་མ) བོད་ལྗོངས་སློབ་ཆེན་གྱི་འགུ་རོ་ཟམ་པའི་སྲེག་ཟས་ཁང་། ཀུན་བདེ་གླིང་མཁའ་ཁྲོམ་གྱི་ཐོག་སོ་གསུམ་པའི་ཀུའེ་ཀོ་ཚྭ་སྦྱངས་ཤ་སྒྲིལ། ཁྲེང་ཀོན་ཆུས་ནུབ་ཁུལ་ལས་ཤག་གི་སྟར་པ་6པའི་ཚན་པ་དང་པོ། ཀརྨ་དགོན་གསར་དབྱི་ཅ་སྤྱི་ཤག སེ་ར་ལམ་གྲྭ་བཞི་གྲོང་གསར་ཤར་ཁུལ་གྱི་ཚོགས་ཆུང་གཉིས་པ། རྔ་ཆེན་ལམ་སྒང་སྟོད་ཁུལ་ཆུང་གི་སྟར་པ་7པ། ཁྲེང་ཀོན་ཆུས་དོག་སྡེ་ལམ་གྱི་བདེ་སྡོད་གླིང་བཅུ་པ། ཁྲེང་ཀོན་ཆུས་གཙང་རལ་བྱང་ལམ་གྱི་ཧྲུའུ་ཡོན་ཁུལ་ཆུང་གི་སྟར་པ་9པའི་ཚན་པ་དང་པོ། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཧྲུའུ་ཧྲན་ཅུན་སྡེ་ཁུལ་གྱི་སྟར་པ་15པ། ཁྲེང་ཀོན་ཆུས་ཅང་སུའུ་ལམ་ཆེན་གྱི་གྲོང་ཤར་ཨང་དང་པོའི་ཁུལ་ཆུང་གི་སྟར་པ་6པ། ཁྲེང་ཀོན་ཆུས་ཉང་བྲན་བྱང་ལམ་ཕའེ་ལེ་ཧན་བྷའོ་བག་ལེབ་ཟ་ཁང་། ཁྲེང་ཀོན་ཆུས་ཉང་བྲན་བྱང་ལམ་སུའེ་ཀྲེ་ཁང་སྨན་རྫས་ཚོང་ཁང་། ཁྲེང་ཀོན་ཆུས་ཉང་བྲན་བྱང་ལམ་གྲོང་བྱང་ཙོའོ་ཨེན་གྱོན་ཆས་ཚོང་ཁང་། ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་ཚོགས་ཆུང་གསུམ་པའི་ཨང་16པ། ཁྲེང་ཀོན་ཆུས་ཀྲེ་ཀྲའོ་ཐོན་ལས་གླིང་ཁུལ་དབྱང་ཧྲང་མི་ཁྱིམ། ཁྲེང་ཀོན་ཆུས་ཁྲོན་ཕེང་གསོལ་མགྲོན་ཁང་། ཁྲེང་ཀོན་ཆུས་ལེ་པའེ་ལུང་སྒོ་རྩིས་ཚོང་ཁང་། ཁྲེང་ཀོན་ཆུས་གྲོང་བྱང་ཤིན་ཐེན་ཏི་ཞིམ་ཟས་ཁྲོམ་གཞུང་། ཧུང་ཧྲེང་ཁུལ་ཆུང་སྟར་པ་དང་པོ། ཁྲེང་ཀོན་ཆུས་གྲོང་ཁྱེར་ནུབ་འདབས་འགྲུལ་སྐྱེལ་ཀུང་སིའི་ལས་བཟོའི་སྡོད་ཁུལ་གྱི་སྟར་པ་9པ། ཁྲེང་ཀོན་ཆུས་གྲོང་ཁྱེར་ཤར་འདབས་དབན་ཏཱ་གངས་ཏེ་སི་ཟ་ཁང་། ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་ནུབ་སྒོ་ཧྲན་ཏུང་ཅའོ་ཙེ་ཟ་ཁང་། ཁྲེང་ཀོན་ཆུས་གངས་ལྗོངས་མུ་ཏིག་ཁུལ་ཆུང་གི་སྟར་པ་13པ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དབང་ཐང་སྒང་བདེ་གླིང་ཉོ་སྒྲུབ་ཁང་། སྣེའུ་དབན་ཏཱ་ཅི་ཡོན་སྲེག་ཟས་ཁང་། སྣེའུ་ཁུལ་གསར་ཞང་ཡུན་ཧྭ་ཧྥུའུ་ཁུལ་ཆུང་གི་སྟར་པ་28པ། སྣེའུ་ཁུལ་གསར་ཧའེ་ལེང་དུས་ཐེངས་དང་པོའི་སྟར་པ་དང་པོ། མལ་གྲོ་གུང་དཀར་རྫོང་གྲོང་ལྕགས་ཐག་ཤ་མོག་ཟ་ཁང་། མལ་གྲོ་གུང་དཀར་རྫོང་བདེ་སྐྱིད་གླིང་ཁ། མལ་གྲོ་གུང་དཀར་རྫོང་ཕྱོགས་བཞི་སྒོ་རྩིས་ཚོང་ཁང་ཉེ་འགྲམ་གྱི་ཧུད་རིགས་གྱོན་ཆས་ཚོང་ཁང་། མལ་གྲོ་གུང་དཀར་རྫོང་མལ་གྲོ་ཏིག་ཧྲུག་ཟ་ཁང་། མལ་གྲོ་གུང་དཀར་རྫོང་རྒྱ་མ་སྡེབ་ཚོང་ཉོ་སྒྲུབ་ཁང་། འདམ་གཞུང་རྫོང་དབུ་མ་ཐང་ཤང་ཧོར་རུ་གྲོང་ཚོའི་ཚོགས་ཆུང་བཞི་པ་བཅས་ཡིན།

    ཉེན་ཁ་ཆུང་བའི་ཁུལ་ནི། ཉེན་ཁ་ཆེ་འབྲིང་ཁུལ་ཕུད་པའི་ཁྲེང་ཀོན་ཆུས་དང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། སྣེའུ་ཁུལ་གསར། སྟོད་ལུང་བདེ་ཆེན་ཆུས། མལ་གྲོ་གུང་དཀར་རྫོང་། འདམ་གཞུང་རྫོང་བཅས་ཀྱི་ས་ཁོངས་གཞན་དག་ཚང་མ་རེད།

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།

    2022ལོའི་ཟླ་8ཚེས་12ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།