དབུ་ཤོག>སྲིད་དོན།
  • ཅི་ལིན་སློབ་ཆེན་གྱི་རྟོག་ཞིབ་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-13

    ཉེ་ཆར། ཅི་ལིན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཅང་ཀྲི་ཡིང་གིས་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། བོད་དུ་ཞུགས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཅང་ཀྲི་ཡིང་དང་བཅས་པ་དང་སྤེལ་རེས་དང་བཞུགས་མོལ་གནང་བ་རེད།

    ལེ་ཀུའེ་ལུང་དང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཞུགས་ཡོད་པ་རེད།

    ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས། ཅང་ཀྲི་ཡིང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཅི་ལིན་སློབ་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་དང་ལྷག་པར་དུ་བོད་ཀྱི་སློབ་གསོའི་བྱ་གཞག་ལ་མཐོང་ཆེན་དང་། སེམས་ཁུར། རྒྱབ་སྐྱོར་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲོང་ཡན་གྱིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་བ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཅི་ལིན་སློབ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ། ཕུལ་བྱུང་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མངགས་ནས་རང་ལྗོངས་ཀྱི་སློབ་གསོའི་ལས་དོན་ལ་རོགས་སྐྱོར་བྱས་པ་དང་། རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་། མཉམ་འབྲེལ་སློབ་གསོ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བོད་སྐྱོར་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་བ། ཕྱོགས་མང་པོའི་ཐད་ནས་བོད་ལ་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་ཏེ་བོད་ཀྱི་སློབ་གསོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་སྦྲེལ་ཟམ་དང་འབྲེལ་ཐག་ནུས་པ་གང་ལེགས་བཏོན་ནས་ཏང་ཕྱིའི་ཤེས་ལྡན་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཕྱོགས་ཡོངས་ནས་སྐུལ་སློང་དང་སྐོང་འཐེན་བྱས་ཏེ། བོད་ཀྱི་མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་བོད་ལྗོངས་སློབ་ཆེན་གྱིས་རང་འགུལ་ངང་འགན་འཁྲི་ཁུར་ནས་ཅི་ལིན་སློབ་ཆེན་དང་རོགས་སྐྱོར་མཉམ་ལས་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བྱེད་པ། ས་མཐོའི་སློབ་ཆེན་རྩེ་གྲ་ཐུན་མོང་དུ་གཏོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    ཅང་ཀྲི་ཡིང་གིས། སློབ་གྲྭ་དང་ས་གནས་དབར་གྱི་མཉམ་ལས་ནི་ཕན་ཚུན་འབྲེལ་མཐུད་དང་གཉིས་ཁེ་གཉིས་ཕན་ཞིག་རེད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་གྲོས་མོལ་དེ་མཚོན་རྟགས་གསར་པ་དང་འགོ་འཛུགས་ས་གསར་པར་བརྩིས་ནས་ཐོན་ལས་འཕེལ་རྒྱས་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་། གཉིས་ཁེ་གཉིས་ཕན་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། གྲུབ་འབྲས་དངོས་ཐོབ་རྒྱུར་འབད་བརྩོན་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པ་རྒན་གྲས་ང་ཕོད་འཇིགས་ཡོན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཐུབ་བསྟན་མཁས་གྲུབ་དང་སྤེན་པ་ལྷ་མོ་དང་། བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཝང་པིན་ལི། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་རིམ་པ་དང་པོའི་སྐོར་གཟིགས་པ་ལུའུ་ཧྲེང་ཧྭ་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།