དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལུས་རྩལ་གྱི་སྔོན་ཐོན་འཐུས་མིར་མཇལ་འཕྲད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-11

    ◆ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། ལུས་རྩལ་སྟོབས་ཆེའི་ཁུལ་དང་བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ།

     ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་ལྗོངས་ཡོངས་ཀྱི་ལུས་རྩལ་གྱི་སྔོན་ཐོན་འཐུས་མིར་མཇལ་འཕྲད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་ལས་དོན་དང་བོད་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ། ལུས་རྩལ་གྱི་སྟོབས་ཆེའི་ཁུལ་དང་བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཟླ་བ་ཚེ་རིང་། ཐང་མིང་དབྱིང་། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། ཝང་ཡ་ལིན་བཅས་ཞུགས་ཡོད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས། གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི་ལུས་རྩལ་གྱི་སྔོན་ཐོན་འཐུས་མིར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་རྒྱ་ཆེའི་ལུས་རྩལ་པ་དང་། རྩལ་འཁྲིད་པ། ལུས་རྩལ་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་ད་ཐེངས་བདམས་པའི་སྔོན་ཐོན་འཐུས་མི་ནི་ད་ཕན་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རྩལ་འགྲན་ལུས་རྩལ་ནང་ཞུགས་མཁན་དང་། སྲོལ་རྒྱུན་ལུས་རྩལ་གྱི་རྒྱུན་འཛིན་པ། དམངས་ཡོངས་ལུས་སྦྱོང་གི་ལག་ལེན་པ། བདེ་ཐང་འཚོ་བའི་དར་སྤེལ་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་པ་བཅས་རེད། ཚང་མས་དུས་ཡུན་རིང་པོར་ལུས་རྩལ་བྱ་གཞག་གི་འཐབ་ས་དང་པོ་བརྟན་སྲུང་གིས་རང་འགན་ནན་འཁུར་དང་ལས་དོན་འབད་སྒྲུབ་བྱས་ནས། དུས་རབས་གསར་པའི་བོད་ཀྱི་ལུས་རྩལ་པའི་ཉམས་འགྱུར་གསར་པ་གང་ལེགས་མངོན་པར་བྱས་ཏེ། ལྗོངས་ཡོངས་ཀྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སླད་ཕྱིན། གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་། ཡང་འབད་བསྐྱར་འབད། གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཅས་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལུས་རྩལ་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བྱ་རྒྱུ་དང་། དེ་བཞིན་རྒྱ་ཆེའི་ལུས་རྩལ་ལས་དོན་པ་ཚོས་སྔོན་ཐོན་ལ་དཔེ་བསྡུར་དང་མིག་དཔེར་སློབ་སྦྱོང་གིས་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་དེ་བས་ལེགས་པར་འཁུར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

    ཝང་ཅུན་ཀྲེང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལུས་རྩལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཀྱི་མཐོ་ཚད་ནས། ལུས་རྩལ་བྱ་གཞག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་གནང་བ། ལུས་རྩལ་གྱི་བྱེད་སྒོ་ཆེ་གྲས་ནང་སྐུ་ངོ་མ་ཞུགས་པ། རྒྱལ་ཡོངས་ཀྱི་ལུས་རྩལ་སྔོན་ཐོན་ཚན་པ་དང་མི་སྒེར་གྱི་འཐུས་མིར་མཇལ་འཕྲད་ཐེངས་མང་གནང་བ། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས། ང་ཚོས་དུས་རབས་གསར་པའི་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་བསྟན་གནང་བ་རེད།

    ཝང་ཅུན་ཀྲེང་གིས། འདི་ལོ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་ཀྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་དབར་གྱི་འབྲེལ་བ་ཟབ་པའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ། ལུས་རྩལ་ལས་དོན་གྱི་སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་གཏོང་བ། རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་དངོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ལུས་རྩལ་བྱ་གཞག་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དེ་བས་ཡག་པ་རམ་འདེགས་བྱེད་དགོས། རྒྱ་ཆེའི་ལུས་རྩལ་པ་དང་། རྩལ་འཁྲིད་པ། ལུས་རྩལ་ལས་དོན་པ་བཅས་ཀྱིས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་ལུས་རྩལ་ཀུན་སྤྱོད་དང་དར་སྲོལ་དར་སྤེལ་གཏོང་རྒྱུ་དེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་དམ་ཟབ་དང“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་ལུས་རྩལ་བྱ་གཞག་ལ་སྦྱངས་འབྲས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་གསོན་ཤུགས་ཟམ་མི་ཆད་པར་སྣོན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།