དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་རིམས་ནད་སྐོར་གྱི་སྤྱི་བསྒྲགས་ཨང་9པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-10

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།

    【2022】ཨང་9པ།

    རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་རྣམ་པ།

    རིམས་ནད་མཆེད་རྒྱུ་བཀག་འགོག་ནུས་ལྡན་མཐའ་གཅིག་ཏུ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཏན་ཏིག་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཟླ་8ཚེས་9ཉིན་གྱི་དགོང་མོའི་ཆུ་ཚོད་21:00ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་མི་སྣ་ཡོངས་ལ་རེས་སྐོར་གཉིས་པའི་རིན་མེད་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་གཏན་འཁེལ་བྱས་པ་ཡིན། གྲོང་ཁྱེར་ནང་གི་གྲོང་མི་ཚང་མས(རྒྱུན་དུ་སྡོད་མཁན་དང་། གནས་སྐབས་སྡོད་མཁན། ཕྱོགས་མི་སོགས་ཚུད་པ)རིམས་འགོག་གི་འོས་འགན་ཁྲིམས་ལྟར་ལག་ལེན་བསྟར་ཏེ། ཉིང་སྐྱུར་བརྟག་དཔྱད་ཐེངས་དང་པོ་བྱས་ནས་ཆུ་ཚོད་24སོང་རྗེས་རང་འགུལ་ངང་རེས་སྐོར་འདིའི་ཉིང་སྐྱུར་བརྟག་དཔྱད་ལ་ཧུར་ཐག་ཞུགས་ནས་བརྟག་དཔྱད་བྱེད་དགོས་རིགས་ཚང་མར་བརྟག་དཔྱད་ཐུབ་པ་བྱེད་དགོས།

    གྲོང་མི་དང་ཡུལ་སྐོར་བ་ཚོས“བོད་ལྗོངས་ཤར་བགྲོད”ཀྱི་བདེ་ཐང་ཨང་རྟགས་ཁྱེར་ནས་ཐག་ཉེ་སའི་ཉིང་སྐྱུར་དཔེ་ལེན་ས་ཚིགས་སུ་བསྐྱོད་དེ། ས་གནས་ས་ཐོག་གི་ལས་དོན་མི་སྣའི་མཛུབ་སྟོན་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། ཁྱེད་དང་མི་གཞན་གྱི་བདེ་ཐང་ཆེད་དུ། བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁ་རས་ཡང་དག་བརྒྱབ་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། སྨི་གཅིག་གི་བདེ་འཇགས་བར་ཐག་བཞག་ནས་གོ་རིམ་ལྡན་པའི་ངང་བང་སྒྲིག་དགོས། གཞོགས་འདེགས་མི་བྱེད་པ་དང་མ་དཔེ་འཚོལ་བསྡུ་དང་བརྟག་དཔྱད་ལས་དོན་ལ་རྒྱབ་སྐྱོར་མ་བྱས་པའི་རྐྱེན་གྱིས་རིམས་ནད་མཆེད་ཚེ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

    རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོས་མུ་མཐུད་རང་འགུལ་ངང་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་སེམས་ནུས་གཅིག་སྒྲིལ་གྱིས“ཕྱི་ནས་མི་འགོ་བ་དང་ནང་དུ་མི་མཆེད་པའི”སྲ་ཞིང་བརྟན་པའི་སྲུང་བཅད་བརྟན་པོ་བསྐྲུན་ཏེ། རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་ནས་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་སྒྲིག་ལམ་སྔ་ཙམ་སླར་གསོ་ཐུབ་པའི་རེ་བ་ཡོད།

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།

    2022ལོའི་ཟླ་8ཚེས་9ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།